ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཆེད་དོན་འཆད་ཁྲིད་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་དུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་བརྟན་པོར་འཛུགས་པའི་ཆེད་དོན་འཆད་ཁྲིད་སྤེལ་བ་དང་། རྒྱལ་ཁབ་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྒྲོག་འགྲེམ་ཚོགས་པའི་ཁུངས་མིའམ་བྱང་རྒྱུད་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་སླིང་གི་སློབ་གཙོ་མཱ་ཧྭེ་ལེན་གདན་ཞུ་ལྟར་མཚོ་སྔོན་དུ་ཡོང་ནས་ཆེད་དོན་འཆད་ཁྲིད་གནང་།

འཆད་ཁྲིད་ཀྱིས 《ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་ཚོགས་པའི་སྤྱི་ཁོག་གི་དོན་སྙིང་གཙོ་བོ་དང་ལོ་རྒྱུས་ལྟ་བའི་རྩོད་སྒྲུབ》 བརྗོད་གཞིར་བྱེད་པ་དང་།  ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་གནད་ལ་དམ་པོར་དམིགས་ནས། གནའ་རབས་དང་ཉེ་རབས། དེང་རབས་བཅས་ཀྱི་ཟུར་ཚད་ནས་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་ཚོགས་པའི་འབྱུང་ཁུངས་དང་། གྲུབ་ཚུལ། འཕེལ་རྒྱས། ཐུན་མོང་བཞི་ཞེས་པའི་ནང་དོན་གཙོ་བོ་བཅས་གཏིང་ཟབ་ཅིང་རྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་གཏིང་ཟབ་བྱས་པ་དང་ཆབས་ཅིག   དཔེར་མཚོན་གྱི་ལོ་རྒྱུས་ཡིག་རིགས་ལུང་འདྲེན་དང་། ལོ་རྒྱུས་སྨྲ་བ་དང་ཟུང་འབྲེལ་བྱས་ཏེ།  《སྤྱི་ཁོག》བསླབ་དེབ་ཀྱི་ནང་དོན་གཙོ་བོ་དང་དོན་བརྗོད་མ་ལག་ཁོང་དུ་ཆུད་པར་མཛུབ་སྟོན་བྱས་ཤིང་། འཆད་ཁྲིད་ལ་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་དངོས་ཡོད་ཀྱི་དམིགས་སའི་རང་བཞིན་དང་ལག་ལེན་གྱི་བཀོལ་སྤྱོད་རང་བཞིན་ཡང་ཧ་ཅང་ཆེན་པོ་ལྡན།

འཆད་ཁྲིད་ལ་ཉན་པའི་ལས་བྱེད་པས། འཆད་ཁྲིད་དེ་ང་ཚོས་ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་།  མཉམ་གནས་བཞིའི་འདུ་ཤེས་དང་།  ཁས་ལེན་ལྔའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ།  མཉམ་དུ་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། ཕྱིན་ཆད་འགན་འཁྲི་གཙོ་བོ་དང་བྱ་བ་གཙོ་བོ། རང་འཁྲིའི་ལས་གནས་ཀྱི་བྱ་བ་བཅས་ལ་དམ་པོར་དམིགས་ནས། རང་འགུལ་སྒོས་བསམ་གཞིགས་དང་ཇུས་འགོད་བྱེད་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། སློབ་སྦྱོང་གི་ངོས་འཛིན་དེ་བྱ་བའི་གྲུབ་འབྲས་སུ་བསྒྱུར་བ་དང་། ནང་སེམས་སུ་འཇགས་པ་དང་ཕྱིའི་བྱ་སྤྱོད་སྟེང་མངོན་པར་བྱ་རྒྱུ་ཡིན་ཟེར།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།