ཀྲུང་གོ་བོད་ཀྱི་དྲ་བ།

ཐེན་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཡོང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས20ཉིན། ཐེན་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཡོང་བ་དང་། ལས་དོན་བརྗེ་རེས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཁ་གཏད་རོགས་སྐྱོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་ནས། ཡུལ་གཉིས་ཀྱི་མཉམ་ལས་མཐུན་སྦྱོར་དངོས་འབེབས་ལ་སྔར་ལས་ལྷག་པར་སྐུལ་འདེད་བཏང་། ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲེན་མའེ་ཨར་གྱིས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་བཞུགས་མོལ་ཚོགས་འདུར་མགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཐེན་ཅིན་གྲོང་ཁྱེར་གྱི་ཧྲུའུ་ཅི་གཞོན་པའམ་གྲོང་གཙོ་ཀྲང་ཀུང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སོ་སོ་ནས་ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར་མཉམ་ལས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།

ཁྲེན་མའེ་ཨར་གྱིས་ཐེན་ཅིན་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་པོར་ཐེན་ཅིན་གྱི་ལས་དོན་ལ་རྒྱབ་སྐྱོར་གནང་བ་དང་ཐེན་ཅིན་གྱིས་མཚོ་སྔོན་ལ་རོགས་སྐྱོར་དུ་མངགས་པའི་ལས་བྱེད་པར་ཐུགས་ཁུར་གནང་བར་ཐུགས་རྗེས་ཆེ་ཞུས་ནས། ཁོས་ད་ལོའི་ཟླ4པའི་ཚེས23ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་སྤེལ་བ་དེས། ནུབ་རྒྱུད་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཆར་འགོད་བཟོས་པ་དང་ཁ་ཕྱོགས་བསྟན་ཡོད། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐེན་ཅིན་ལ་བཀའ་བགོས་གནང་བའི་ལས་འགན་གལ་ཆེན་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཁ་གཏད་རོགས་སྐྱོར་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ་དང་། འགན་ལེན་བསམ་པ་དང་འགན་འཁྲི་འདུ་ཤེས་ངེས་པ་དོན་གྱིས་ཇེ་དྲག་ཏུ་གཏོང་བ། རྨ་ལྷོར་ཅི་མཁོ་དང་ཐེན་ཅིན་གྱིས་ཅི་ནུས་ཟུང་འབྲེལ་སྒོས། ཁ་གཏད་རོགས་སྐྱོར་ལས་དོན་སྟོབས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ཏེ། འགུལ་སྐྱོད་དངོས་ལ་བརྟེན་ནས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ་མངོན་པར་མཚོན་དགོས། ཐོན་ལས་རོགས་སྐྱོར་ཇེ་དྲག་ཏུ་གཏོང་བ་དང་། རང་སའི་ཁྱད་ལྡན་ཐོན་རྫས་དགེ་མཚན་ལེགས་པར་འདོན་པ། རྨ་ལྷོ་ཁུལ་གྱིས་ཡུལ་བསྟུན་ཇུས་བསྟར་སྒོས་ཁྱད་ལྡན་དགེ་མཚན་ཡོད་པའི་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ། ཁྱད་ལྡན་ཞིང་ལས་ཐོན་རྫས་ཟོང་རྟགས་སྔར་ལས་མང་པོ་སྐྲུན་པ། འཛད་སྤྱོད་རོགས་སྐྱོར་གཏིང་ཟབ་ཏུ་སྤེལ་བ། ཁྲོམ་རའི་བར་སྟོང་སྔར་ལས་ལྷག་པར་རྒྱ་བསྐྱེད་ནས། ས་གནས་ཀྱི་ཐོན་ལས་འགྲན་རྩོད་ནུས་པ་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས། དམངས་འཚོ་འགན་ལེན་ཇེ་དྲག་ཏུ་གཏོང་བ་དང་། སློབ་གསོ་དང་སྨན་བཅོས་རོགས་སྐྱོར་གཏིང་ཟབ་ཏུ་སྤེལ་བ། ངལ་རྩོལ་མཐུན་སྦྱོར་ལ་ཤུགས་སྣོན་པ། ལས་རིགས་རྩལ་ནུས་གསོ་སྦྱོང་སྤེལ་བ། སྤྱི་པའི་ཞབས་ཞུ་ཆུ་ཚད་མཐོར་འདེགས་པར་རོགས་རམ་བྱེད་པ། རོགས་སྐྱོར་ཐོབ་ཡུལ་གྱི་ངལ་རྩོལ་ནུས་པ་ལས་ཞུགས་བརྟན་བརླིང་ལ་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ངེས་པ་དོན་གྱིས་མཐོར་འདེགས་དགོས། རིག་ནུས་རྒྱབ་སྐྱོར་ལ་ཤུགས་སྣོན་པ་དང་། དགོས་མཁོ་ལྟར་གནད་སྨིན་ལེགས་བདམས་སྒོས་མཚོ་སྐྱོར་ལས་བྱེད་པ་བདམས་མངགས་བྱེད་པ། འཇོན་མི་ཕན་ཚུལ་བརྗེ་རེས་དང་ཡུལ་གཉིས་གསོ་སྦྱོང་། ལས་སྙེག་སྦྱོང་བརྡར་བཅས་ཀྱི་བྱེད་ཤུགས་ཆེར་བསྐྱེད་ནས། ཟུང་འབྲེལ་བྱེད་པ་དང་སློབ་མ་ཁྲིད་པ། འགག་སྒོ་མཉམ་སྒྲོལ། ཐུན་མོང་ཡར་སྐྱེད་འབྱུང་བ་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་། དགེ་སྒྲུབ་ཞལ་འདེབས་དང་གཅེས་སེམས་སློབ་སྐྱོར། ཟུང་འབྲེལ་གཉེན་འཛུགས། སྤྱི་ཚོགས་རོགས་སྐྱོར། རིག་གནས་གཉེན་འབྲེལ་སོགས་ཀྱི་བྱེད་སྒོ་སྤེལ་ནས། མི་རིགས་སོ་སོའི་མང་ཚོགས་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། ཐེན་ཅིན་དང་མཚོ་སྔོན་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སོ་སོའི་དགེ་མཚན་ཕུན་སུམ་ཚོགས་པར་འདོན་པ། སྐྱེ་ཁམས་ཁོར་སྲུང་དང་ལྗང་མདོག་རྩིས་ཤུགས། ཕྱི་ཕྱོགས་སྒོ་འབྱེད། རིག་གནས་ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་ནས་མཉམ་ལས་དངོས་གཉེར་ལ་སྔར་ལས་ལྷག་པར་ཤུགས་བསྣན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མཉམ་དུ་སྟོབས་ཤུགས་འབུལ་དགོས་ཞེས་བཤད།

ཁྲེན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་བཅས་ཀྱི་ཚབ་མཛད་ནས་ཐེན་ཅིན་གྲོང་ཁྱེར་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཕེབས་པར་སྤྲོ་སེམས་འཁོལ་བས་དགའ་བསུ་ཞུས་པ་དང་། ཐེན་ཅིན་གྱིས་དུས་ཡུན་རིང་པོར་མཚོ་སྔོན་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་གནང་བར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཁོང་གིས་རྒྱལ་ཡོངས་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པའི་སྐབས་འདིར། ཐེན་ཅིན་གྲོང་ཁྱེར་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་རྟོག་ཞིབ་ཏུ་ཕེབས་པ་དེས། ང་ཚོ་ལ་སློབ་གསོ་ཆེན་མོ་དང་སྐུལ་མ་ཆེན་པོ་ཐེབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་འདུས་པའི་ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་ཚད་མཐོའི་གཟིགས་མཐོང་ཆེན་མོ་གནང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པར་འཆར་འགོད་རྔམ་བརྗིད་ལྡན་པ་བཀོད་གནང་མཛད། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དངོས་འབེབས་བྱེད་པ་དང་། ལས་དོན་ཁག་རྒྱལ་ཡོངས་ཀྱི་ཆེ་ཕྱོགས་ཁྲོད་དང་འཆར་འགོད་ཁྲོད་བཞག་ནས་སྐུལ་འདེད་བྱེད་རྒྱུ་ཡིན། རྒྱལ་ཁབ་དང་མི་རིགས། བུ་རབས་ཚ་རྒྱུད་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མུ་མཐུད་དུ་སྐྲུན་རྒྱུ་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པར་གཟུགས་ཚོར་ཕན་འབྲས་ཡོད་པར་བྱེད་པ་དང་། མི་རིགས་སོ་སོ་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། མི་རིགས་སོ་སོ་འཕང་འབྲས་བཞིན་དམ་དུ་འཁྱུད་པར་སྐུལ་འདེད་གཏོང་རྒྱུ། དགེ་མཚན་ཅུང་ཙམ་ཡོད་པ་ཕུན་སུམ་ཚོགས་པར་འདོན་པ་དང་། ནུས་ཁུངས་གཙང་མ་སོགས་ཐོན་ལས་ཀྱི་གནས་བཞི་ལེགས་པར་སྐྲུན་པ། མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་ཆེན་མོ་བརྩོན་ལེན་བྱེད་པ། ལྗང་མདོག་རྩིས་ཤུགས་སྣེ་ཁྲིད་ཡིན་པའི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་པ་ཡུལ་བསྟུན་ཇུས་བསྟར་སྒོས་འཕེལ་རྒྱས་བཏང་སྟེ། འགུལ་སྐྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་བཞེས་ལ་ལན་སྟེར་རྒྱུ། ཏང་གི་མགོ་ཁྲིད་དང་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་མཚོ་སྔོན་དང་ཐེན་ཅིན་གཉིས་གཞི་གཅིག་ལ་དམ་དུ་སྦྲེལ་བས། ཕྱོགས་གཉིས་ཀྱི་མཛའ་བརྩེ་ཟབ་མོ་ཤིན་ཏུ་རིན་ཐང་ཆེ། ང་ཚོས་ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་མཉམ་ལས་ཀྱི་ཟབ་ཚད་དང་ཁྱབ་ཚད་དེ་རང་འགུལ་སྒོས་སྔོག་འདོན་བྱེད་པར་བརྩོན་རྒྱུ་ཡིན་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་ཁྱད་ལྡན་ཐོན་ལས། སྨན་བཅོས་འཕྲོད་བསྟེན། སློབ་གསོ་ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་ནས་མཉམ་ལས་དངོས་གཉེར་གཏིང་ཟབ་ཏུ་སྤེལ་ནས། ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་འགྲོ་འོང་བརྗེ་རེས་དང་མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་མུ་མཐུད་དུ་གསར་འབྱེད་བྱེད་རྒྱུ། མཚོ་སྔོན་གྱིས་སྔར་སྲོལ་འགྱུར་མེད་སྒོས་མཚོ་སྐྱོར་ལས་བྱེད་འཇོན་མིས་མཚོ་སྔོན་དུ་ལས་དོན་སྤེལ་བར་ཆ་རྐྱེན་ལེགས་པོ་སྐྲུན་པ་དང་ཞབས་ཞུ་འགན་ལེན་ལེགས་པར་སྒྲུབ་རྒྱུ་ཡིན་ཞེས་གསུངས།

མཚོ་སྔོན་དུ་སྡོད་པའི་རིང་ལ། འཐུས་མི་ཚོགས་པ་འཁོར་དང་བཅས་པས་རྨ་ལྷོ་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་ཤང་གླེ་གཞུག་སྡེ་བ་དང་རྨ་ལྷོ་ཁུལ་མི་དམངས་སྨན་ཁང་། ཐེན་ཅིན་གྲོང་ཁྱེར་མཚོ་སྐྱོར་བཀོད་འདོམས་པུའུ་མཚོ་སྐྱོར་ཁྱིམ་གཞིས་བཅས་སུ་ཟབ་བསྐྱོད་སྒོས་རྟོག་ཞིབ་བྱས་པ་དང་། ས་གནས་དེ་གའི་སྡེ་མིར་འཚམས་འདྲི་བྱས་པར་མ་ཟད། ཐེན་ཅིན་གྲོང་ཁྱེར་གྱི་མཚོ་སྐྱོར་སྨན་དོན་ལས་དོན་པ་དང་མཚོ་སྐྱོར་ལས་བྱེད་འཇོན་མིའི་འཐུས་མིར་ཁམས་འདྲི་བྱས།

ཐེན་ཅིན་གྲོང་ཁྱེར་གྱི་མགོ་ཁྲིད་ལེན་མའོ་ཅུན་དང་ཝང་ཞུའུ། ཝང་ལི་ཅུན། ཀྲང་ལིང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཀྲའོ་ཡུའེ་ཞ། ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥེང་། དབྱང་ཀྲི་ཝུན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།