ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཆི་ཧྥན་གྱིས་ཐུན་ཏེ་རྫོང་དུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་རྟོག་ཞིབ་མཛུབ་སྟོན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བའི་འབྲེལ་གཏུག་བྱེད་ས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་དུ་སོང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བ་རྟོག་ཞིབ་མཛུབ་སྟོན་བྱས། ཁོའི་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་། ཞིང་ཆེན་དང་ཁུལ་ཨུའི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱེད་པ། “ལས་བྱེད་པས་སྒྲུབ་དགོས་པ་དང་། རིག་ལམ་གསལ་དགོས་པ། སྒྲིག་ཁྲིམས་ནན་དགོས་པའི”བླང་བྱ་ལག་ལེན་དུ་བྱས་ཏེ། འཐབ་རྩོད་སྙིང་སྟོབས་དར་སྤེལ་བྱས་ནས། ཕན་ནུས་ལྡན་པའི་སྒོ་ནས་འབུར་ཐོན་གནད་དོན་ཐག་གཅོད་བྱས་ཏེ། སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་བ། སྒྲིག་ཁྲིམས་བརྩི་སྲུང་བཅས་བྱས་ཏེ། རྫོང་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་གཏན་འཇགས་ཀྱི་བྱ་བ་སོ་སོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒྲིག་ཁྲིམས་འགན་སྲུང་མཁོ་འདོན་བྱེད་དགོས་ཞེས་བསྟན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལུའི་ཀང་རྟོག་ཞིབ་ཁྲོད་ཞུགས། 

ལིའུ་ཆི་ཧྥན་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་དུ་ཡོང་ནས། གྲོང་རྡལ་དམངས་ཀྱི་སྟབས་བདེ་ཞབས་ཞུ་ལྟེ་གནས་དང་། དམངས་སྲིད་གཞུང་སྒྲུབ་ཁང་། ལས་ཞུགས་ཞབས་ཞུ་ལྟེ་གནས་སོགས་སུ་སོང་ནས། ཡུལ་དངོས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དམིགས་འབེན་གསལ་བོར་བྱེད་པ་དང་། ས་ཁུལ་དང་སྒེར་གྱི་དོན་དངོས་དང་ཟུང་འབྲེལ་སྒོས། གནད་དོན་ཐག་གཅོད་བྱེད་པ་དེ་མགོ་རྩོམ་ས་དང་གཞི་འབབ་སར་བཟུང་ནས། ངེས་ཤེས་མཐོར་འདེགས་དང་། བྱ་བར་སྐུལ་འདེད། སྤྱོད་སྟངས་ལེགས་བཅོས། སྲིད་གཙང་རང་གཅུན་ཐད་ཕན་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན། རྫོང་ཏང་ཨུའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བའི་ལས་སྒྲུབ་ཁང་དུ། ལིག་ཆི་ཧྥན་ལས་སྒྲུབ་མི་སྣ་དང་བརྗེ་རེས་ཟབ་མོ་བྱེད་པ་དང་། བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། དོན་དངོས་དང་ཉེ་བར་བཅར་ཏེ། གཞི་རིམ་དང་ཉེ་བར་བཅར་ནས། དངོས་གཉེར་སྤྱོད་སྟངས་ཀྱིས། རྫོང་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། སྔོན་དཔག་དུས་སྐབས་ཀྱི་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

རྟོག་ཞིབ་སྐབས་སུ། ལིའུ་ཆི་ཧྥན་གྱིས་མགོ་ཁྲིད་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཐུན་ཏེ་རྫོང་དང་ཐང་མགོ་གྲོང་རྡལ། འབའ་ཁུག་ཤང་། མཐུན་སྒྲིལ་སྡེ་བ་དང་རྫོང་ཞིབ་དཔྱོད་ཁང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། དུས་རིམ་སྔོན་མའི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་། རྗེས་མའི་བྱ་བར་བླང་བྱ་བཏོན། ཁོའི་ནན་གྱིས་བསྟན་དོན། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་གཏན་སྲོལ་སློབ་སྦྱོང་འབུར་ཐོན་དུ་བྱས་ཏེ། ཆབ་སྲིད་འདུ་ཤེས་མཐོར་འདེགས་དང་། ཆབ་སྲིད་ལངས་ཕྱོགས་བརྟན་པོས།ཆབ་སྲིད་ལངས་ཕྱོགས་མཐོན་པོར་བྱེད་པ་དང་། ཆབ་སྲིད་ངོས་ནས་བལྟ་བ། ཆབ་སྲིད་ངོས་ནས་ལས་སྒྲུབ་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བྱེད་པ་དང་། “སྲུང་སྐྱོང་གཉིས”སྒྲུབ་པར་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སྣ་ཚོགས་བརྩི་སྲུང་ནན་མོ་བྱེད་པ་དང་། བསམ་བློའི་འགོག་སྲུང་སྲ་བརྟན་དུ་བཏང་ནས། སྒྲིག་ཁྲིམས་ནན་མོ་དང་། དམར་ཐིག་མི་བརྒལ་བ་དང་། སྒྲིག་ཁྲིམས་ཀྱི་རྟགས་ཚད་ལས་མི་བརྒལ་བར་བྱེད་དགོས། ཉིན་རྒྱུན་ཁྲོད་འདྲེས་པ་དང་། རྒྱུན་ལྡན་དམ་འཛིན་སྒོས། བྱ་བའི་དོན་དངོས་ཕན་འབྲས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སུ་འགྱུར་བར་བྱེད་དགོས། ཉེན་བརྡའི་སློབ་གསོ་དམ་འཛིན་བྱེད་པ་དང་། མི་སེམས་སུ་ཟུག་པར་བྱེད་པ། ཉེ་འགྲམ་གྱི་ལས་དོན་གྱིས་ཉེ་འགྲམ་གྱི་མི་ལ་ཉེན་བརྡ་བཏང་སྟེ། གྱོད་གཞིར་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་བཅོས་སྐྱོང་དང་། སྤྱོད་སྟངས་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྐྱོང་ཟབ་སྤེལ་བྱས་ཏེ། སྒྲིག་ཁྲིམས་གཟབ་ནན་གྱིས་ཆབ་སྲིད་སྐྱེ་ཁམས་དང་དེང་རབས་ཅན་གྱི་ཐུན་ཏེ་གསར་བ་འཛུགས་སྐྲུན་གྱི་ཁོར་ཡུག་ལེགས་པོ་སྐྲུན་དགོས་ཞེས་བསྟན། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།