ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་མགོ་ཁྲིད་ལས་བྱེད་པའི་ཆེད་དོན་སློབ་སྦྱོང་རྟོག་ཞིབ་འཛིན་གྲྭ་བསྒྲུབས་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་མགོ་ཁྲིད་ལས་བྱེད་པའི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཉེན་ཁ་འགོག་སྲུང་ཞི་འཇགས་ཀྱི་ནུས་ཤུགས་མཐོ་རུ་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་དེ་ཟི་ལིང་དུ་བསྒྲུབས་མགོ་བརྩམས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་མགོ་རྩོམ་མཛད་སྒོའི་སྟེང་ཞུགས་པ་མ་ཟད་ཟུར་ཁྲིད་སྙན་ཞུ་བྱས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལི་ཧོང་ཡ་ཡིས་མགོ་འཛིན་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲ་ཆིན་ཅིའུ་མཛད་སྒོར་ཞུགས། 

ཚོགས་འདུས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་ཉེན་ཁ་འགོག་སྲུང་ཞི་འཇགས་ཁྲོད་ཀྱི་གཅིག་གྱུར་གོ་གནས་དང་མཛུབ་སྟོན་བྱེད་ནུས་ལ་ངེས་ཤེས་ཟབ་མོ་ཡོད་པར་བྱས་ཏེ། ཁྲིམས་སྐྱོང་ནི་ཉེན་ཁ་འགོག་སྲུང་ཞི་འཇགས་ཀྱི་རྩ་བའི་ཐབས་ལམ་ཞིག་ཡིན་པར་ངེས་ཤེས་ཡོད་པ། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་སྲིད་སྐྱོང་བདེ་འཇགས་དང་སྤྱི་ཚོགས་རིང་ལུགས་སྒྲིག་སྲོལ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་ནི་ཉེན་ཁ་ཞི་འཇགས་འགོག་སྲུང་གི་ལས་འགན་དང་པོ་ཡིན་པར་ངེས་ཤེས་ཡོད་པར་བྱས་ཏེ། བྱེད་ཐབས་ཞིབ་ཚགས་དང་། ལས་འགན་གསལ་བོ། “ལས་དོན་རེ་རེ་དམ་འཛིན”དང“ལས་དོན་རེ་རེ་སེམས་སུ་ཡོད”པའི་བྱ་བའི་རྒྱུན་རྣམ་ཐད་བེད་སྤྱོད་ཡོད་པར་བྱེད་དགོས་ཞེས་བསྟན། 

ཚོགས་འདུས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྲིད་ཁྲིམས་ལས་ཁུངས་ཀྱི་ལས་འགན་ལ་དམིགས་ནས། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཉེན་ཚབ་ཀྱི་འདུ་ཤེས་སྲ་བརྟན་དུ་བཏང་ནས། མ་ལག་བཅོས་སྐྱོང་ཤུགས་དྲག་དང་། གཞི་རིམ་རྨང་གཞི་སྲ་བརྟན་དུ་བཏང་སྟེ། མགོ་ཁུངས་འགོག་སྲུང་ཟབ་སྤེལ་དང་། ཞབས་ཞུའི་སྤྱི་ཁྱོན་ལ་འགན་སྲུང་བྱས་ནས། དྲང་བདེན་དྲང་བཞག་དང་། འཐབ་རྩོད་སྙིང་སྟོབས་དར་སྤེལ་བྱས་ནས། རང་འགུལ་གྱིས་“ལས་བྱེད་པའི་སྒྲུབ་པ་དང་། རིག་ལམ་གསལ་བ། རང་གཅུན་གཟབ་ནན”ལག་ཏུ་བསྟར་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་གྱུར་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་བྱེད་སྟངས་མངོན་པར་སྲིད་ཁྲིམས་སྟོབས་ཤུགས་འབུལ་དགོས་ཞེས་བསྟན། །

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།