ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་ཚོགས་ཉེན་སྲུང་བཅའ་ཁྲིམས》ཁྲིམས་བསྟར་ཞིབ་བཤེར་བྱ་བ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཟླ5པའི་ཚེས8ཉིན་ནས་ཚེས17ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལུགས་ལག་བསྟར་ཞིབ་བཤེར་ཚན་ཆུང་གསར་དུ་བཙུགས་ཏེ། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་གྲོང་ཁྱེར་དང་ཁུལ3། ཁོངས་གཏོགས་ཀྱི་རྫོང་དང་(ཆུས)8དུ་སོང་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་ཚོགས་ཉེན་སྲུང་བཅའ་ཁྲིམས》ཁྲིམས་ལུགས་ཞིབ་བཤེར་བྱ་བ་སྤེལ། 

ཞིབ་བཤེར་ཚན་ཆུང་སྤྱི་ཚོགས་ཉེན་སྲུང་ལས་སྒྲུབ་སྡེ་ཁག་དང་ཁྲལ་དོན་ལས་ཁུངས། ཁེ་ལས་ལས་དོན་ལས་ཁུངས། སྡེ་བ(གཞིས་ཁུལ)སོགས་སུ་སོང་ནས། ཡུལ་དངོས་ནས་ཞིབ་བཤེར་དང་བརྗེ་རེས་བྱེད་པ། རྒྱུ་ཆར་བལྟ་བ་སོགས་ཀྱི་རྣམ་པས། ཁྱོན་ཡོངས་ནས་རང་ཞིང་གི་སྤྱི་ཚོགས་ཉེན་སྲུང་བྱ་བ་འཁོར་རྒྱུག་གནས་ཚུལ་ཁོང་དུ་ཆུད་པར་བྱས། 

ཞིབ་བཤེར་ཚན་ཆུང་གིས་རང་ཞིང་གི་ལས་རིགས་སོ་སོས་སྤྱི་ཚོགས་ཉེན་སྲུང་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་གྱི་ཉམས་མྱོང་དང་སྒྲུབ་ཐབས་ལ་ཁས་ལེན་གང་ལེགས་གནང་བ་དང་། ནན་གྱིས་བསྟན་དོན། ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་སྒོས། རང་ཞིང་གི་སྤྱི་ཚོགས་ཉེན་སྲུང་ཁྱབ་ཁོངས་ཀྱི་ཁྲིམས་སྲོལ་སྲིད་ཇུས་ཞིབ་འཇུག་བྱས་ནས། འཁོར་རྒྱུག་སྒྲིག་སྲོལ་ཐད་ཁྲིམས་སྐྱོང་ཅན་གྱི་འགན་སྲུང་མཁོ་འདོན་བྱེད་པ་དང་། སྤྱི་ཚོགས་ཉེན་སྲུང་ལས་སྒྲུབ་སྡེ་ཁག་གི་ཁྲིམས་ལྟར་ལས་སྒྲུབ་བྱེད་པ་དང་། ཞབས་ཞུའི་ནུས་ཤུགས་དང་ཆུ་ཚད་མཁོ་འདོན་བྱེད་པ། ཏན་ཏིག་གིས་གནད་དོན་རྙེད་པར་བྱས་ཏེ། རྒྱལ་ཁབ་ངོས་ཀྱི་བཅའ་ཁྲིམས་བཟོ་བཅོས་ཐད་བློ་གྲོས་དང་བྱས་རྗེས་འཇོག་དགོས། གཉིས་ནས་འབྲེལ་ཡོད་སྒྲིག་སྲོལ་འཐུས་ཚང་རྒྱ་བསྐྱེད་དང་། གནད་ཁེལ་སྒོས་ལོ་ངོ་གསུམ་གྱི་བྱེད་ཐབས་ལག་བསྟར་བྱས་ཏེ། “གཞི་གྲངས་ཀྱིས་མི་འཚོལ་བ”བརྒྱུད། སྔར་ལས་མང་པོའི་མི་སྣ་འགན་སྲུང་ཁྲོད་ཞུགས་པའི་ཁྱབ་ཁོངས་ཁྲོད་ལེན་པ་དང་། དཀའ་ཁག་ཡོད་པའི་ཚོགས་པའི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ། མཁར་ཤང་སྡོད་དམངས་ཀྱི་རྒན་གསོའི་ཉེན་སྲུང་གི“སྤྲོད་འོས་པ་གང་ནུས་ཀྱིས་སྤྲོད”པར་ཁག་ཐེག་བྱེད་པ་དང་། གཞི་རྩའི་རྒན་གསོ་ཉེན་སྲུང“འགན་སྲུང་ཁྲོད་ཞུགས་ན་གང་ནུས་ཀྱིས་ཞུགས་པར”ཁག་ཐེག་བྱེད་དགོས། གསུམ་ནས་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། ལས་སྒྲུབ་དུས་ཡུན་ཐུང་དུ་བཏང་ནས། གཅིག་བསྡུས་ཅན་གྱི་ཞབས་ཞུའི་རྣམ་པ་མཁོ་འདོན་དང་། ཚོགས་པ་མི་འདྲ་བའི་ཞབས་ཞུའི་རྣམ་པ་སྣ་མང་གི་དགོས་མཁོ་བསྐོང་དགོས། བཞི་ནས་གྲངས་འཛིན་སྒུལ་བསྩོལ་གྱིས་བདེ་འཇགས་འགོག་སྲུང་སྲ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་གཞི་གཅིག་ཅན་གྱི་བརྡ་འཕྲིན་མ་ལག་འཛུགས་སྐྲུན་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་ཉེན་རྩད་ཞིབ་བྱས་ཏེ། “བཟོད་སྒོམ་ཅི་ཡང་མེད”པའི་རྣམ་འགྱུར་གྱིས་ཁྲིམས་འགལ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་བཏང་ནས། སྤྱི་ཚོགས་འགན་སྲུང་ཐེབས་རྩའི་བདེ་འཇགས་དྲ་བ་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།