ཀྲུང་གོ་བོད་ཀྱི་དྲ་བ།

གུང་ཧོ་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་བདེ་སྐྱིད་ཕུགས་འདུན་མཉམ་བསྐྲུན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་རྩ་འཛུགས་ཀྱི་རྨང་གཞི་རྒྱུན་མཐུད་ངང་བརྟན་འཇགས་དང་། བརྩེ་མདངས་དམ་སྦྲེལ། འཕེལ་རྒྱས་ཀྱི་འདེགས་སྐྱོར་བཅས་མཐོར་འདེགས་སུ་བཏང་ནས། གཞི་རིམ་གྱི་ཏང་འཛུགས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་འཐབ་འཛིང་གི་བཙན་རྫོང་སྟོབས་ལྡན་དུ་བཏང་སྟེེ། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱས་ནས། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་བདེ་སྐྱིད་ཕུགས་འདུན་མཉམ་བསྐྲུན་བྱས། 

གུང་ཧོ་རྫོང་གིས་རྩ་འཛུགས་མ་ལག་འབྲེལ་མཐུད་དང་། གཞི་རིམ་རྩ་འཛུགས་སྟོབས་ཆེན། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་རྩ་འཛུགས་ཀྱི“རྨང་གཞིའི་དྲ་བ”གཏིང་ཟབ་ཏུ་བཏང་ནས། མགོ་ཁྲིད་ལས་བྱེད་པ“གཞི་རིམ་དུ་བསྐྱོད་པ”དང་། ཏང་ཡོན་གྱི“མིང་ཐོ་འགོད་པ”སོགས་ཀྱི་ལམ་སྲོལ་དང་ཏང་ཡོན་ལས་བྱེད་པས་གཞི་རིམ་དུ་རྒྱུས་ལོན་བྱས་པར་བརྟེན་ནས། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཐུན་མོང་གི་བསམ་པའི་ཁྱིམ་གཞི་བསྐྲུན། དེ་དང་ཆབས་ཅིག ཞིང་ཕྱུགས་དང་གྲོང་གསེབ་དར་སྤེལ། རང་བྱུང་ཐོན་ཁུངས་སོགས་འགན་ནུས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས། ཡུལ་དངོས་སུ་གཞུང་དོན་སྒྲུབ་པ་དང་མཉམ་དུ་གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ཁྱད་ལྡན་འདེབས་འཛུགས་དང་སྐྱེ་ཁམས་ཕྱུགས་ལས། གཟན་ཆག་གསོ་སྤེལ་སོགས་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་སུ་བཏང་ནས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་མཉམ་སྐྲུན་དང་མཉམ་སྐྱོང་། མཉམ་སྤྱོད་ཀྱི་ཐུན་མོང་གི་ཕྱུག་འགྱུར་ཐབས་ལམ་འཚོལ་ཞིབ་བྱས། ། 

 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།