ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ལ་ཀྲུང་དབྱང་ནོར་སྲིད་ཀྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་བྱ་དགའི་མ་དངུལ་སྒོར་དུང་ཕྱུར2.73ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས17ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་ཤེས་གསལ་ལྟར་ན། ནོར་སྲིད་པུའུ་དང་སྡོད་ཁང་དང་གྲོང་གསེབ་པུས་གསར་དུ་བཟོ་བཅོས་གཏན་ཁེལ་བྱས་པའི《ཀྲུང་དབྱང་ནོར་སྲིད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཀྱི་ཁ་གསབ་མ་དངུལ་དོ་དམ་བྱ་ཐབས》ལྟར། རང་ཞིང་གི2023ལོའི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟ་འགོད་ཐད་གྲུབ་འབྲས་ཕུལ་བྱུང་ཡིན་པ་དང་ཀྲུང་དབྱང་ནོར་སྲིད་ཀྱི་བྱ་དགའི་མ་དངུལ་སྒོར་དུང་ཕྱུར2.73ཐོབ་ཡོད། ཉེ་ཆར་ནོར་སྲིད་པུའུ་དང་སྡོད་ཁང་དང་གྲོང་གསེབ་པུའུ་ཡིས་རང་ཞིང་གི2024ལོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར4.31(གསར་དུ་འཕར་བའི་བྱ་དགའི་མ་དངུལ་སྒོར་དུང་ཕྱུར2.73ཚུད་ཡོད)འགྲེམ་གཏོང་བྱས་པ་དང་། དེ་ལོ་གོང་མ་ལས43.2%འཕར།

ཞིང་ཆེན་ཡོངས་ཀྱི་སྡོད་ཁང་འགན་ལེན་མ་ལག་འཛུགས་སྐྲུན་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་སྡོད་གནས་ཁོར་ཡུག་ཇེ་ལེགས་སུ་གཏོང་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར། གྲོང་གསེབ་འཛུགས་སྐྲུན་ཐིན་དང་མཉམ་དུ་རྣམ་གྲངས་ཇུས་འགོད་གནད་ལ་འཁེལ་བ་བྱས་ནས་རྣམ་གྲངས་ལག་བསྟར་བཀོད་གཏོང་དང་། ཕན་འབྲས་དམིགས་ཚད་ཀྱི་འགུལ་རྣམ་ལྟ་སྐུལ་ཚོད་འཛིན་ལ་ཤུགས་སྣོན་བྱས། ད་ལོ་རང་ཞིང་གིས་ཁུལ་ཆུང་གཞིས་ཁུལ་དུད་ཚང27521སྒྱུར་བཀོད་བྱས་པ་དང་། འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང1322འཛུགས་སྐྲུན་བྱས་པ། སྤྱི་སྤྱོད་བོགས་གཏོང་སྡོད་ཁང་བོགས་གཏོང་ཁ་གསབ་དུད་ཚང4579སྤྲོད་པ། སྡོད་ཁང་སྤྱིལ་ཁུལ(གྲོང་ཁྱེར་གྱི་ཉེན་ཡོད་སྡོད་ཁང་རྙིང་པ)བསྒྱུར་བཅོས་སྡོད་ཁང248འཛུགས་སྐྲུན་བྱས་པ་དང་། མིག་སྔར་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་སྡོད་ཁང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིན་གྱིས་མ་དངུལ་དོ་དམ་བྱ་ཐབས་ལྟར། བགོ་བཤའི་ཇུས་གཞི་གཏན་ཁེལ་བྱས་པ་མ་ཟད། ནོར་སྲིད་པུའུ་ལ་ཐོ་འགོད་སྙན་ཞུ་ཕུལ་ནས་མཆན་འགོད་བྱས་རྗེས་ཁ་གསབ་མ་དངུལ་དུས་ཐོག་ཏུ་འབྲེལ་ཡོད་གྲོང་ཁྱེར་དང་རྫོང་ལ་འགྲེམ་གཏོང་བྱ་རྒྱུ་རེད། 

ཞིང་ཆེན་ནོར་སྲིད་ཐིན་གྱིས་ད་དུང“ཐད་གཏོང་མ་དངུལ་ལྟ་སྐུལ་ཚོད་འཛིན་སྟེགས་བུ”ལ་བརྟེན་ནས་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཆེད་དོན་ཁ་གསབ་མ་དངུལ་གཏོང་སྤྲོད་དང་ཕྱོགས་སྒྲུབ། བེད་སྤྱོད་སོགས་ཀྱི་གནས་ཚུལ་བརྒྱུད་གོ་རིམ་ཧྲིལ་པོར་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་བྱ་རྒྱུ་ཡིན་པ་མ་ཟད། འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཀྱི་ནོར་སྲིད་མ་དངུལ་བེད་སྤྱོད་བྱས་ཚུལ་སྙན་ཞུའི་ལམ་ལུགས་ཀྱང་བཙུགས་ནས། གྲོང་ཁྱེར་དང་ཁུལ་ལ་སྔོན་རྩིས་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཆེད་དོན་དོ་དམ་དང་རྩིས་ཐོ་བགོས་ནས་ཞིབ་རྩིས་ལག་བསྟར་བྱེད་པ། ལས་ཀའི་མྱུར་ཚད་ལྟར་དུས་ཐོག་ཏུ་མ་དངུལ་གཏོང་སྤྲོད་བཅས་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་བདེ་བླག་ངང་སྤེལ་ཐུབ་པ་འགན་ལེན་བྱེད་པ་དང་། སྡོད་ཁང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་སོགས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།