ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ལས་བཟོ་བའི་འཕེལ་རྒྱས་ཐེབས་རྩ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས12ཉིན་ནས་ཚེས14ཉིན་བར། ཀྲུང་གོའི་ལས་བཟོ་བའི་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་འབྲེལ་ཡོད་འགན་ཁུར་བ་མཚོ་སྔོན་དུ་ཡོང་ནས་ཅི་ཧྲི་ཧྲན་གྱི་ཚད་རིམ6.2ཅན་གྱི་ས་འགུལ་གནོད་ཁུལ་སླར་གསོ་བསྐྱར་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ལ་ཀྲུང་གོའི་ལས་བཟོ་བའི་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་དར་ཆ་སྦྱིན་ནས། ཐེབས་རྩ་ཚོགས་པས་གནོད་སེལ་རྒུབ་སྐྱོབ་སྐབས་སུ་དུས་ཡུན་རིང་བོར་མཚོ་སྔོན་བཟོ་ཚོགས་ཀྱི་བྱ་བར་རྒྱབ་སྐྱོར་དང་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུས། 

གནོད་སེལ་རྒུབ་སྐྱོབ་ཀྱི་གནད་འགག་དུས་སྐབས་སུ། ཀྲུང་གོའི་ལས་བཟོ་བའི་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་། རོགས་རམ་བྱས་ཏེ་མཚོ་སྔོན་གྱི་རིགས་སོ་སོའི་ལས་བཟོ་བས་གནོད་སེལ་རྒུབ་སྐྱོབ་ཀྱི་གཡུལ་འཐབ་ལ་སྟོབས་ཤུགས་དང་། ཡིད་ཆེས། ཆོད་སེམས་བཅས་བསྣན། ཀྲུང་གོའི་ལས་བཟོ་བའི་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་འབྲེལ་ཡོད་འགན་ཁུར་བ་དང་འཁོར་དང་བཅས་པ་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཤང་ཅིན་ཐེན་སྡེ་བར་སོང་ནས། ཡུལ་དངོས་ནས་ས་འགུལ་གནོད་ཁུལ་སླར་གསོ་བསྐྱར་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན་དབྱང་ཧྲིག་ལིན་དང་། ཀྲུང་ཁྲོན་ཆུ་གློག་ས་ཚིགས་ཀྱི་གནོད་ཐེབས་ལས་བཟོ་བ་ཨུ་ཁྲུན་ཅོན་དང་། ཀྲུང་ཁྲོན་ཤང་ལྔ་གཅིག་སློབ་འབྲིང་དུ་སོང་ནས། སློབ་གྲྭ་ཞིག་གསོ་བསྐྱར་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཕུལ་བྱུང་དགེ་རྒན་ལའོ་རུན་དང་། རྫོང་རླངས་འཁོར་ས་ཚིགས་ཀྱི་གནོད་ཐེབས་ལས་བཟོ་བ་ཏུའུ་ལེན་མིན་ལ་འཚམས་འདྲི་བྱས་ཤིང་། གནོད་ཐེབས་ལས་བཟོ་བ་དང་མང་ཚོགས་ལ་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་མགོ་ཁྲིད་པའི་སེམས་ཁུར་དང་གཅེས་སྐྱོང་། འཚམས་འདྲི་བཅས་བརྒྱུད་བསྐུར་བྱས་པ་དང་། ཁོ་ཚོར་འཚམས་འདྲིའི་མ་དངུལ་བྱིན་པ་མ་ཟད། ཀྲུང་གོའི་ལས་བཟོ་བའི་ཐེབས་རྩ་ཚོགས་པས་སྤྱི་ཕན་སྟེགས་བུའི་བྱེད་ནུས་འདོན་སྤེལ་གང་ལེགས་དང་། མུ་མཐུད་ནས་གནོད་ཤུལ་བསྐྱར་སྐྲུན་བྱ་བར་རྒྱབ་སྐྱོར་བྱེད་པ། རོགས་སྐྲུན་བསྐྱར་སྐྲུན་བྱས་པའི་ལྔ་གཅིག་སློབ་གྲྭ་དང་། བཟོ་ཚོགས་ཀྱི་གཞུང་སྒྲུབ་བྱེད་ས། དེ་མིན་ལས་བཟོ་བའི་རྨང་གཞི་སྒྲིག་ཆས་བསྐྱར་སྐྲུན་ཁྲོད་བྱས་རྗེས་འཇོག་རྒྱུ་ཡིན་ཚུལ་བསྟན། 

དེའི་སྐབས་སུ། ཀྲུང་གོའི་ལས་བཟོ་བའི་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་འབྲེལ་ཡོད་འགན་ཁུར་བ་འཁོར་དང་བཅས་པ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་བཞུགས་མོལ་བྱས་པ་དང་། ཀྲུང་གོའི་ལས་བཟོ་བའི་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་མ་ཟད། མཚོ་སྔོན་བཟོ་ཚོགས་ཀྱི་མཐོ་སྒང་དབྱང་ཁང་དང་། བཟོ་ཚོགས་ས་ཚིགས། བརྩེ་སེམས་ནངས་ཇ། གནོད་འགོག་གནོད་སེལ་སོགས་བྱ་བའི་ཁྲོད་ཐེབས་རྩ་ཚོགས་པའི་ནུས་པ་འདོན་སྤེལ་མཚམས་སྦྱོར་བྱས། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།