ཀྲུང་གོ་བོད་ཀྱི་དྲ་བ།

རྫ་སྟོད་རྫོང་གིས“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་ཡག་པོར་བསྒྲུབས་པ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གིས“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་པས་མི་དམངས་མང་ཚོགས་ཀྱི་བདེ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 

རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་རོགས་སྐྱོར་ལས་དོན་གྱི“རང་འགུལ་དམག་འཐབ”ཡག་པོ་བྱེད་དགོས། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་དེ་རྩ་འཛུགས་ལས་དོན་གྱི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་པ་དང་རོགས་སྐྱོར་དམིགས་ཚད་སོགས་གཙོ་གནད་ནང་དོན་ཁ་གསལ་བཟོ་དགོས། དུས་བཀག་ལྟར་འབྲེལ་ཡོད་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་ཏེ“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་ཀྱིས་ཁྱོན་ཡོངས་ནས་སྐུལ་འདེད་གཏང་བར་ཤུགས་སྣོན་བརྒྱབ་སྟེ། རང་རང་གི་འགན་འཁྲི་སྒྲུབ་པ་དང་མཉམ་སྒྲུབ་མཉམ་གཉེར་གྱི་བྱ་བའི་རྣམ་པ་བཙུགས་ནས་རོགས་སྐྱོར་ལས་དོན་ལག་ལེན་བསྟར་ནས་ཕན་འབྲས་ཐོན་ཐུབ་པའི་འགན་ལེན་བྱེད་དགོས། 

དམིགས་འབེན་དང་ལས་འགན་ལ་དོ་སྣང་ནན་པོ་བྱས་ཏེ་སྨན་བཅོས་སྐྱོབ་བཅོས“ཕྱོགས་བསྡུས་ནུས་པ”ཆེ་རུ་གཏོང་དགོས། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ཚོགས་པའི་རོགས་སྐྱོར་འོག2023ལོར་རྫོང་མི་དམངས་སྨན་ཁང་གི་ཛ་དྲག་དང་ཚབས་ཆེ་བའི་ནད་མྱུར་སྐྱོབ་ལེགས་འགྲུབ་བྱུང་ཚད95%ཡན་ཟིན་པ་དང་སྨན་བཅོས་བརྒྱུད་སྤྲོད་བྱེད་ཚད་དེ་སྔའི70%ནས་10%བར་ཆག་ནས་མང་ཚོགས་ཀྱི་སྨན་བཅོས་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། 

ཐོན་ལས་ཀྱི་དོན་དངོས་ལ་དམིགས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི“འགུལ་ནུས་གསར་པ”སྐུལ་སློང་བྱ་དགོས། རྫོང་ཡོངས་ཀྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་ཞིང་ཆེན་དང་ཁུལ་གྱིས་ཚན་རྩལ་ཆེད་མངགས་པ་བདམས་ནས་གྲོང་གསེབ་ཏུ་གཉེར་སྐྱོང་བྱེད་པོ22ལ་རོགས་སྐྱོར་བྱས་པ་དང་། སྣ་ཁ་གསར་པ་དང་ལག་རྩལ་གསར་པ24བེད་སྤྱོད་གཏང་རྒྱུར་མཛུབ་ཁྲིད་བྱས་ནས་ལག་རྩལ་གྱི་གནད་དོན29ཐག་གཅོད་བྱས། རྫ་སྟོད་རྫོང་ཚན་རྩལ་ཆེད་མངགས་ཚོགས་པས་ས་བབ་མཐོ་བའི་ས་ཁུལ་དུ་དཔེ་སྟོན་གྱི་དོན་སྙིང་ལྡན་པའི་སྔོ་གཟན་བཏུམས་པའི་ཐོན་རྫས་ཐོག་མར་ཐོན་སྐྱེད་བྱས་པས་ཕྱུགས་རྩྭའི་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་ཆེས་ཆེར་ཕྱིན་ཡོད། 

སྲིད་ཇུས་ཀྱི་འདེགས་སྐྱོར་བྱེད་ཆེ་རུ་བཏང་ནས་སྲིད་ཇུས་འགན་སྲུང་གི“ཞབས་ཞུ”བྱ་བ་ཡག་པོར་བསྒྲུབ་དགོས། རྫོང་མགོ་ཁྲིད་ཀྱི་འབྲེལ་གཏུག་ཞབས་ཞུའི“ཚོགས་སྒྲིག་རྣམ་པའི”ལས་བྱེད་པ་དང་ཤེས་ལྡན་མི་སྣར་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་འབྲེལ་ཡོད་ཚད་གཞི་གཞིར་བཟུང་སྨན་བཅོས་རོགས་སྐྱོར་ཚོགས་པར་མཚོ་སྔོན་གྱི་ཕོགས་སྣོན་སོགས་འབྲེལ་ཡོད་ཐོབ་ཐང་སྤྲད་དེ་རིགས་ཆེད་མཁས་པ་ཚོགས་པའི་བློ་བདེ་བའི་ངང་ལས་རིགས་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་འགན་ལེན་བྱེད་དགོས། དུས་མཚུངས་སུ་ལས་བྱེད་པ་དང་ཤེས་ལྡན་མི་སྣར་རོགས་སྐྱོར་བྱེད་པའི་ལས་ཀའི་སྤྲོ་སེམས་རྒྱུན་ཆད་མེད་པར་སྐུལ་མ་གཏོང་བ་དང་མཐུན་སྒྲིལ་ལས་སྒྲུབ་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་དགོས། །

 
རྩོམ་སྒྲིག་པ། : འཕགས་མོ་དོན་འགྲུབ།