ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁང་པའི་འགན་བཅོལ་ཐེངས་དང་པོ་དངོས་སུ་ལག་བསྟར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམངས་ཀྱི་སྡོད་ཁང་ལ་ཡང་འགན་བཅོལ་ཡོད། ཟླ5བའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁང་པའི་འགན་བཅོལ་ཐེངས་དང་པོ་དེ་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་དུ་ལག་བསྟར་བྱས།  

མཁར་བྱང་ཁུལ་དང་ཀྲུང་གོ་ས་གཞི་ཆེན་པོའི་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སིའི་མཚོ་སྔོན་ཡན་ལག་ཀུང་སིས་མཁར་བྱང་ཁུལ་གྱི་སྤྱི་པའི་བོགས་གཏོང་སྡོད་ཁང་འགན་བཅོལ་ཚོད་ལྟའི་རྣམ་གྲངས་ཀྱི་འགན་བཅོལ་ཞབས་ཞུའི་གྲོས་མཐུན་བཞག དེའི་རིང་མཁར་བྱང་ཁུལ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུའུུ་ཡིས་ཞིང་ཆེན་འཛུགས་སྐྲུན་ཐིན་དང་གྲོང་ཁྱེར་ཁང་ཁོངས་ཅུའུ་ཡི་རྒྱབ་སྐྱོར་འོག ཞིང་ཆེན་ནང་ཁུལ་གྱི་འགན་བཅོལ་སྒྲིག་གཞི་མང་པོ་དང་འབྲེལ་མཐུད་ཧུར་ཐག་བྱས་ནས། ཁང་པར་ལྟ་ཞིབ་དང་ཞིག་གསོ། འགན་བཅོལ་བཅས་ལམ་ལུགས་གསུམ་དོན་འཁྱོལ་བྱ་རྒྱུར་གྲོས་མོལ་བྱས་པར་མ་ཟད། འགན་བཅོལ་ཁྱབ་ཁོངས་དང་འགན་བཅོལ་ནང་དོན། འགན་བཅོལ་གྲངས་འབོར་སོགས་ལ་གྲོས་མོལ་བྱས་ཏེ། ཟླ5བའི་ཚེས11ཉིན་འགན་བཅོལ་ཇུས་གཞི་དང་འགན་བཅོལ་ཆ་རྐྱེན། དོན་ཚན་སོགས་ཀྱི་ཐད་གཅིག་གྱུར་གྱི་གྲོས་མཐུན་བྱུང་། ། 




 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།