ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས11ཉིན། སྐབས་བཅུ་བཞི་པའི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས། འཐུས་མི་རེ་གཉིས་འཐུས་མིའི་ཐོབ་ཐང་ལ་ཁྲིམས་ལྟར་ཞིབ་བཤེར་བྱས། 

སྐབས་བཅུ་བཞི་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་ཐོབ་ཐང་འགྱུར་ལྡོག་བྱུང་ཚུལ་སྐོར་གྱི་སྙན་ཞུར་ཉན་རྗེས། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་འབྲེལ་ཡོད་འདེམས་བསྐོ་ལས་ཁུངས་ཀྱིས་གསབ་འདེམས་བྱས་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི6གི་འཐུས་མིའི་ཐོབ་ཐང་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི4ཡི་ཐོབ་ཐང་མཚམས་འཇོག་པ་སོགས་ཀྱི་དོན་ཚན་ལ་ཁྲིམས་ལྟར་ཞིབ་བཤེར་བྱས་པར་མ་ཟད། ཞིབ་བཤེར་གནས་ཚུལ་གཞིར་བཟུང་ནས་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་ཞུར་ཕུལ། 

འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ཀྱིས་འབྲེལ་ཡོད་འདེམས་བསྐོའི་ལས་ཁུངས་ཀྱིས་འཐུས་མི་རེ་གཉིས་ལས་གནས་གསབ་བརྗེ་སྐོར་གྱི་ལས་དོན་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་པའི་གཅིག་མཐུན་ངོས་འཛིན་བྱས། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང《སྐབས་བཅུ་བཞི་པའི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་གཉིས་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུར(འཆར་ཟིན)》སྐབས་བཅུ་བཞི་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་སྟེང་གྲོས་ཞིབ་བྱ་རྒྱུར་མོས་མཐུན་བྱུང་། ། 






 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།