ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་བཞི་བའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བརྡ་འཕྲིན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་མགོ་འཛིན་བྱས་ཏེ་སྐབས་བཅུ་བཞི་བའི་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བརྡ་འཕྲིན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས་པ་དང་། རང་ཞིང་གི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཧྲིན་ཀྲང་ངམ་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས། 

ཚོགས་འདུས་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་བརྡ་འཕྲིན་བདེ་འཇགས་བྱ་བའི་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དྲ་རྒྱའི་བརྡ་འཕྲིན་བདེ་འཇགས་བྱ་བར་མཐོང་ཆེན་བྱས་པ་དང་། འདུ་ཤེས་དང་འཐབ་ཇུས་གསར་བ་རབ་དང་རིམ་པ་མང་པོ་བཏོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཀྱི་བསམ་བློ་གལ་ཆེན་གྲུབ། སློབ་སྦྱོང་གོ་བ་ཟབ་མོ་ལེན་པ་དང་། ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དང་གནས་པའི་གནད་དོན་དང་ཟུང་འབྲེལ་དམ་པོ་བྱས་ནས། ཁྱོན་ཡོངས་ནས་དོན་འཁྱོལ་དང་། “ལས་བྱེད་པས་ལས་སྒྲུབ་བྱེད་དགོས་པ་དང་། རིག་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པའི”ལག་ལེན་ཁྲོད་ནུས་རྩལ་་སྦྱངས་ཏེ། དུས་རབས་གསར་བའི་དྲ་རྒྱའི་བརྡ་འཕྲིན་བདེ་འཇགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

ཚོགས་འདུས་ནན་གྱིས་བསྟན་དོན། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བས་ཡོངས་སྐུལ་སློང་བྱས་པ་དང་། དེས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཁྱོན་ལ་ཤན་ཤུགས་བཟོ་བཞིན་ཡོད་ལ། བསམ་བློའི་རྨང་གཞི་ཆགས་སུ་བཅུག་ཏེ། “དུས་ནམ་ཡང་སེམས་བདེ་ལ་མི་འབབ་པའི”འགན་འཁྲིས། རང་འགུལ་བྱེད་སྟངས་ཕྲག་ཏུ་བླངས་ཏེ། ཁྱོན་ཡོངས་ནས་དྲ་རྒྱའི་བརྡ་འཕྲིན་བྱ་བའི་ནུས་ཤུགས་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། གླེང་ཕྱོགས་གདོང་གཏོད་ཆུ་ཚད་མཐོར་འདེགས་དང་། དུས་མཚམས་ཁོང་དུ་ཆུད་པར་བྱས་ཏེ། གླེང་ཕྱོགས་འགུལ་རྣམ་ལ་དོ་སྣང་བྱས་ཏེ། བརྩེ་བ་དང་སྟོབས་ཤུགས་གསོ་སྐྱོང་བྱེད་པ་དང་། སྤྱི་ཚོགས་ཀྱི་སེམས་ཁུར་བྱེད་པར་ལན་སློག་བྱས་ནས། “མགྱོགས་པ་དང་བརྟན་པོ། ཡང་དག ལེགས་པོ”བཅས་ཀྱི་དྲ་རྒྱའི་གླེང་ཕྱོགས་སྒྲུབ་པར་བྱེད་དགོས། མང་ཚོགས་ཀྱི་མཐོང་འདོད་ཉན་སྤྲོའི་རྣམ་པས། དྲང་ནུས་ཀྱི་ཐོན་སྐྱེད་བཞུར་ཚད་ཡོང་བར་བྱེད་དགོས། དྲ་རྒྱའི་བདེ་འཇགས་ཉེན་ཁའི་འགོག་སྲུང་བྱ་བ་ལེགས་པོར་སྒྲུབ་ནས། དྲ་རྒྱའི་བདེ་འཇགས་འདུ་ཤེས་མཐོར་འདེགས་དང་། དྲ་རྒྱའི་བདེ་འཇགས་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། སྒྲིག་སྲོལ་ལག་བསྟར་ནུས་ཤུགས་མཐོར་འདེགས་དང་། ཉེན་ཁའི་རྩད་ཞིབ་ཞི་འཇགས་སུ་བཏང་ནས། དྲ་རྒྱའི་བདེ་འཇགས་ཀྱི་འགོག་རགས་སྲ་བརྟན་དུ་གཏོང་དགོས། 

བརྡ་འཕྲིན་ཅན་གྱི་ནུས་ཤུགས་འཛུགས་སྐྲུན་མཐོར་འདེགས་སུ་བཏང་ནས། རྨང་གཞི་སྒྲིག་ཆས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། མགྱོགས་མྱུར་ངང་ལྗང་མདོག་རྩིས་ཤུགས་རྟེན་གཞི་འཛུགས་སྐྲུན་བྱས་ནས། སྲིད་གཞུང་གི་གྲངས་འཛིན་བཅོས་སྐྱོང་ནུས་ཤུགས་མཐོར་འདེགས། མུ་མཐུད་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་སྔར་ལས་མང་པོའི་མང་ཚོགས་ལ་ཁེ་ཕན་རེག་པར་བྱེད་དགོས། དྲ་རྒྱའི་བརྡ་འཕྲིན་བྱ་བའི་ལས་འགན་གཟབ་ནན་དུ་བཏང་ནས། དྲ་རྒྱའི་བརྡ་འཕྲིན་སྡེ་ཁག་གི་གཅིག་གྱུར་མཐུན་འགྲིག་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྔོན་ལ་བཀོད་འདོམས་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། མི་འདང་སར་ཤུགས་སྣོན་དང་། ཞན་ཆ་ཇེ་དྲག་ཏུ་བཏང་ནས། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་ཀྱི་ནུས་ཤུགས་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ། དྲ་རྒྱའི་བརྡ་འཕྲིན་བྱ་བ་ལེགས་པོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན། ཚོགས་འདུའི་སྔོན་དུ། ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བརྡ་འཕྲིན་བདེ་འཇགས་གཞུང་སྒྲུབ་ཁང་དྲ་རྒྱའི་བདེ་འཇགས་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་དང་། དྲ་རྒྱའི་གླེང་ཕྱོགས་ལྟེ་གནས་སུ་སོང་ནས་རྟོག་ཞིབ་བྱས་པ་མ་ཟད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས། 

ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བདེ་འཇགས་དང་བརྡ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཏ་ནན་དང་། ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བདེ་འཇགས་དང་བརྡ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲུའུ་ཞང་ཧྥིན། ལིའུ་ཁྲའོ། ལི་ཧོང་ཡ་ཚོགས་འདུར་ཞུགས། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།