ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི2024ལོའི་ལས་རིགས་སློབ་གསོའི་བྱ་འགུལ་གཟའ་འཁོར་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་བྱ་འགུལ་གཟའ་འཁོར་གྱི་མགོ་རྩོམ་མཛད་སྒོ་དང་མཚོ་སྔོན་ཞིང་ཆེན་ལས་རིགས་སློབ་གླིང་གི་འགྲན་བསྡུར་གྱི་མཇུག་སྒྲིལ་མཛད་སྒོ་ཟི་ལིང་དུ་བསྡུས། བྱ་འགུལ་གྱི་དམིགས་ཡུལ་ནི་ལས་རིགས་སློབ་གསོའི་སྲིད་ཇུས་བཟང་བོ་དྲིལ་སྒྲོག་དང་། ལས་རིགས་སློབ་གསོའི་གཏམ་རྒྱུད་ཞིབ་བརྗོད་ལེགས་པོ་བྱེད་པ། ལས་རིགས་སློབ་གསོའི་གྲུབ་འབྲས་གསར་བ་མངོན་པ་དེ་ཡིན། 

ད་ལོའི་ལས་རིགས་སློབ་གསོའི་བྱ་འགུལ་གཟའ་འཁོར་དུས་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་སློབ་གསོའི་རོགས་སྐྱོར་དང་། རྩལ་ནུས་མངོན་པ། རྩལ་ནུས་གཞི་རིམ་དུ་སྐྱེལ་བ་སོགས་ཀྱི་རྒྱུན་སྲོལ་བྱ་འགུལ་སྣ253དང་། “ལོ་ངོ་བཅུར་ཕྱིར་མིག་བལྟ”བའི་བརྗོད་དོན་བྱ་འགུལ་སོགས་ཁྱད་ལྡན་བྱ་འགུལ་སྣ69སྤེལ་ཏེ། ངལ་རྩོལ་གཟི་བརྗིད་དང་རྩལ་ནུས་རྩ་ཆེན། རླབས་ཆེ་བའི་དུས་རབས་ཀྱི་སྲོལ་བཟང་གསར་སྐྲུན་བྱས་ཏེ། མཚོ་སྔོན་གྱི་ལས་རིགས་སློབ་གླིང་གི་དགེ་སློབ་ཀྱི་རྩལ་ནུས་མངོན་ནས། སྤྱི་ཚོགས་ལས་རིགས་ཁག་སོ་སོར་ལྟད་མོ་དང་གྲུབ་འབྲས་ཀྱིས་ཕྱུག་པའི་ལས་རིགས་སློབ་གསོའི་དགྱེས་སྟོན་ཞིག་བཤམས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ལས་རིགས་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་གསར་སྐྲུན་བྱ་རྒྱུ་རེད། མགོ་རྩོམ་མཛད་སྒོའི་སྟེང་། ལས་རིགས་སློབ་གྲྭ22ཀྱིས་རྣམ་པ་མང་པོའི་སྒོ་ནས་རང་ཞིང་གི་ལས་རིགས་སློབ་སྒྲུབ་ཁྱད་ཆོས་དང་མི་སྐྱོང་འབྲས་བུ། སློབ་གྲྭའི་སློབ་མའི་ལས་རིགས་རྩལ་ནུས་བཅས་མངོན། 

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལས་རིགས་སློབ་གསོར་མཐོང་ཆེན་བྱེད་པ་དང་། “མཚོ་སྔོན་ཞིང་ཆེན་གྱི་དེང་རབས་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྲུན་བཅོས་བསྒྱུར་གྱི‘རྩིས་ཐོ་གསུམ’དང་བྱེད་ཐབས་སྒོར་བཏོན་པ་དང་། སྟེང་གི་བཀོད་པ་འཐུས་ཚང་། སྲིད་ཇུས་མ་ལག་འཐུས་ཚང་། ཐོན་སྐྱེད་དང་སློབ་གསོ་གཉིས་མཉམ་འདྲེས་ཟབ་སྤེལ། འཕེལ་རྒྱས་ཁོར་ཡུག་གསར་སྐྲུན་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོ་དེ་སྤུས་ཚད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་དང་། རིན་འཕར་སྒུལ་བསྩོལ་གྱི་མྱུར་ལམ་དུ་ཞུགས་ཤིང་། འཕེལ་རྒྱས་འབྲས་བུ་མངོན་གསལ་བླངས། ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་སློབ་གླིང་གིས་མི་སྐྱོང་རྒྱུན་འཁྱོངས་དང་། ཀུན་སྤྱོད་དང་རྩལ་ནུས་མཉམ་དུ་གསོ་སྦྱོང་བྱེད་པ་མངོན་འགྱུར་བྱས་ཏེ། རྩལ་ནུས་འཇོན་མི་གསོ་སྐྱོང་གི་རྨང་གཞི་སྲ་བརྟན་དུ་བཏང་ནས། ལས་རིགས་སློབ་གསོའི་རིགས་དབྱེའི་གནས་ཚད་གཏན་འཁེལ་དང་། “འཕྲེད་སྦྲེལ”དང“ཐུར་སྦྲེལ་མཉམ་འབྲེལ”“ཕྱིའི་འབྲེལ་བའི”དེང་རབས་ལས་རིགས་སློབ་གསོའི་མ་ལག་འཛུགས་སྒྲུབ་ཤུགས་དྲག་ཏུ་བཏང་ནས། མགྱོགས་མྱུར་ངང་ལས་རིགས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། སྐྱེ་ཁམས་དཔལ་ཡོན་མཐོ་ས་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། ལྗང་མདོག་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་དང་དམ་དུ་འབྲེལ་ནས། དེང་རབས་ལས་རིགས་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལ་དམིགས་ཏེ། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་ཀྱིས་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྒྲུབ་ཐད་ལག་རྩལ་རྩལ་ནུས་གཞོགས་འདེགས་མཁོ་འདོན་བྱས། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།