ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་གནང་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ། ཉེ་ཆར་གྱི་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགངོས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་ལས་དོན་ལ་ཉན་ནས་གྲོས་ཞིབ་བྱས། 

ཚོགས་འདུའི་སྟེང་ཟླ4པའི་ཚེས30འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཁྲུང་ཆིན་ནས་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།  ཚོགས་ཐོག་ཏུ་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་བླང་བྱ་གལ་ཆེན་དང་འབྲེལ་མཐུད་དམ་ཟབ་བྱས་ནས། མི་དམངས་སྲིད་གྲོས་ཀྱིས་གཏན་ཕབ་གཉིས་ལ་བརྩི་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པའི་ཆབ་སྲིད་ཀྱི་ལངས་གནས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་ལ།  མི་དམངས་སྲིད་གྲོས་ཀྱིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་ནུས་པ་དང་བསམ་བློ། འགུལ་སྐྱོད་བཅས་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་པ་སློབ་པ་དང་བྱང་ཆུད་པར་བྱེད་པའི་རྨང་གཞིའི་སྟེང་དུ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་གནས་གཞི་སྐྲུན་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་སོགས་ཀྱི་ལས་དོན་གལ་ཆེན་དང་ལྟེ་བའི་ལས་དོན། རིག་ལམ་གསར་བ་འཆར་འགོད། གྲུབ་འབྲས་གསར་བ་ལེན་པར་འབད་པ་བཅས་ལ་གཞིར་བཟུང་སྟེ། མཚོ་སྔོན་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྲིད་གྲོས་ཀྱི་བློ་རིག་དང་སྟོབས་ཤུགས་ཧུར་ཐག་གིས་འབུལ་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་ཐོག《སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི2024ལོའི་ཆེད་དོན་ཞིབ་འཇུག་བརྗོད་གཞི》དང《སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་བཀོད་སྒྲིག་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་འདུ་ཤེས་འཛིན་སྟངས་ལས་དོན་གནས་ཚུལ་སྙན་ཞུ་ཞུས་པ་མ་ཟད་རྟོག་ཞིབ་སྙན་ཞུ་ལ་ཉན། སྲིད་གྲོས་ཀྱི་དོན་དངོས་ལ་རྐང་བཙུགས་ནས་བདེན་སྲུང་གསར་གཏོད་དང་། མེ་ཏོག་མཉམ་བཞད། མཐུན་གཉེར་འགལ་བསྐྱུར་བཅས་རྒྱུན་འཁྱོངས་བྱས་ཏེ་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོར་སྐུལ་སློང་བྱས་ནས་ལས་རིགས་མང་ཚོགས་ལ་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཅིག་མཐུན་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ་མཐུན་སྒྲིལ་འབད་འཐབ་ཞེས་པའི་དུས་རབས་ཀྱི་བརྗོད་དོན་དབྱངས་སུ་འགུག་པ།  མཐུན་སྒྲིལ་འབད་འཐབ་ཀྱི་ལས་དོན་ལེགས་པོར་བསྒྲུབས་ཏེ་མར་ཁེ་སིའི་རིང་ལུགས་ཀྱིས་འདུ་ཤེས་འཛིན་སྟངས་ལ་སྣེ་ཁྲིད་པར་མཉམ་དུ་བརྟན་སྲུང་ཡག་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲེན་ཁྲང་། ཀྲང་ཞའོ་རུང་། མ་ཧྥེང་ཧྲེང་། ལི་ཞའོ་ནན། ཕེང་ཡིའུ་ཏུང་། ཞེ་པའོ་ཨེན་བཅས་ཚོགས་འདུར་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།