ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་སྒྲིག་བཟོ་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་སྒྲིག་བཟོ་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་ཤིང་། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱི་རྒྱལ་ཁོངས་བར་སྟོང་སྤྱི་ཁོག་འཆར་འགོད་ལ་གྲོས་ཞིབ་བྱས་པ་དང་། དུས་རིམ་རྗེས་པའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁོངས་བར་སྟོང་འཆར་འགོད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་ཡང་དག་ཅིང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཆར་མང་གཞི་གཅིག་གི་བཅས་སྒྱུར་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དངོས་འབེབས་བྱེད་པ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཆེ་ཕྱོགས་ལ་དམ་པོར་དམིགས་པ། ལོ་རྒྱུས་དང་དངོས་ཡོད་ཀྱི་མཐོ་ཚད་ནས་འགན་འཁུར་བའི་རྣམ་འགྱུར་སྒོས། རྒྱལ་ཁོངས་བར་སྟོང་འཆར་འགོད་ལས་དོན་མུ་མཐུད་དུ་ལེགས་པར་བསྒྲུབས་ཏེ། ཆུ་ཚད་མཐོ་བའི་འཆར་འགོད་སྣེ་ཁྲིད་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ངེས་པ་དོན་གྱིས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་གྱིས། རྒྱལ་ཁོངས་བར་སྟོང་འཆར་འགོད་བཟོ་བ་དང་ལག་བསྟར་ལ་ལྟ་སྐུལ་བྱེད་པ་ནི། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་གནད་འགག་གི་བྱེད་ཐབས་ཤིག་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཀ་ལེགས་པའི་འཚོ་བ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་ཐབས་གལ་ཆེན་ཞིག་ཀྱང་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་འཐབ་ཇུས་ཕན་ནུས་ལྡན་པའི་ལག་བསྟར་ལ་འགན་ལེན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དགོས་ངེས་བླང་བྱ་ཡང་ཡིན་པས། འཆར་འགོད་མ་ལག་སྔར་ལས་འཐུས་ཚང་ལ་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་རིམ་པའི་རྒྱལ་ཁོངས་བར་སྟོང་འཆར་འགོད་རྩ་འཛུགས་ལག་བསྟར་བྱེད་པ། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་རྒྱལ་ཁོངས་བར་སྟོང་སྤྱི་ཁོག་འཆར་འགོད་དང་ཞིབ་ཕྲའི་འཆར་འགོད། ཆེད་དོན་འཆར་འགོད། སྡེ་བའི་འཆར་འགོད་བཅས་བཟོས་ནས་ལག་བསྟར་ལེགས་པར་འཛིན་པ། ཞིང་ཆེན་ཡོངས་གཅིག་གྱུར་དང་འགན་དབང་གསལ་པོ། ལུགས་མཐུན་ཕྱོད་མཐོ་ཡིན་པའི་རྒྱལ་ཁོངས་བར་སྟོང་འཆར་འགོད་མྱུར་ཏུ་ཆགས་པར་བྱས་ཏེ། འཆར་འགོད་གཅིག་ལེགས་པར་འགོད་པ་དང་མཐའ་འཁྱོལ་བར་སྒྲུབ་ཐུབ་དགོས། བར་སྟོང་བཀོད་སྒྲིག་སྔར་ལས་ལེགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། རྨོ་ཞིང་དང་དུས་གཏན་གྱི་གཞི་རྩའི་ཞིང་ས། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག མཁར་གྲོང་གསར་སྤེལ་མཐའ་མཚམས་བཅས་ནན་སྲུང་བྱེད་པ། སྐྱེ་ཁམས་དང་ཞིང་ལས། མཁར་གྲོང་སོགས་བྱེད་ནུས་བར་སྟོང་ཚན་རིག་དང་མཐུན་ཞིང་གོ་རིམ་ཡོད་པའི་སྒོ་ནས་སྤྱི་འདོམས་བཀོད་སྒྲིག་བྱེད་པ། ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བར་སྟོང་བཅས་ལུགས་མཐུན་བཀོད་སྒྲིག་བྱས་ནས། གཙོ་གཞིའི་བྱེད་ནུས་སྡོམ་གཅུན་ཕན་ཡོད་དང་རྒྱལ་ཁོངས་གསར་སྤེལ་མཐུན་སྦྱོར་གོ་རིམ་ཡོད་པའི་བར་སྟོང་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་ཆགས་པར་སྐུལ་འདེད་གཏོང་དགོས། འཆར་འགོད་ལག་བསྟར་སྔར་ལས་སྟོབས་ཡོད་པར་སྐུལ་འདེད་གཏོང་བ་དང་། ངེས་མཁོ་སྡོམ་གཅུན་དང་བཀོལ་སྤྱོད་དོ་དམ། ལྟ་སྐུལ་དཔྱད་འཇོག་ཇེ་དྲག་ཏུ་གཏོང་བ། འཆར་འགོད་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས། རིམ་པ་སོ་སོའི་རྒྱལ་ཁོངས་བར་སྟོང་འཆར་འགོད་སྦྲེལ་བ་གོ་རིམ་ཡོད་པ་དང་དོ་སྡོམ་ལ་ཕན་པ་ཡོད་པ། དངོས་འབེབས་ལ་སྟོབས་ཡོད་པ་བཅས་ཁག་ཐེག་བྱེད་དགོས། བར་སྟོང་བཅོས་སྐྱོང་སྔར་ལས་ཕན་པ་ཡོད་པར་སྐུལ་འདེད་གཏོང་བ་དང་། རང་བྱུང་ཐོན་ཁུངས་ལུགས་སྒྲུབ་ལྟ་ཞིབ་དང་རང་བྱུང་ཐོན་ཁུངས་ལྟ་ཞིབ་ཕྱིར་ལྡོག་གནད་དོན་བཅོས་སྐྱོང་དེ་འཇུག་སྒོར་བྱེད་པ། རྨོ་ཞིང་སྲུང་སྐྱོང་བཅོས་སྐྱོང་དང་རྒྱལ་ཁོངས་བར་སྟོང་སྐྱེ་ཁམས་སླར་གསོ། རང་བྱུང་ཐོན་ཁུངས་ཆ་རྐྱེན་འགན་ལེན་ཞབས་ཞུ་བཅས་འབུར་དུ་དོད་ནས་ལེགས་པར་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་བཅོས་སྐྱོང་སྔར་ལས་སྤུས་ཚད་མཐོ་བ་དང་སྔར་ལས་རྒྱུན་མཐུད་རུང་བ། སྔར་ལས་བདེ་འཇགས་ཡིན་པར་སྐུལ་འདེད་གཏོང་དགོས། ལས་དོན་ལས་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་ལས་དོན་འགན་འཁྲི་ནན་མོར་འཛིན་པ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ། འཆར་འགོད་སྒྲིག་བཟོ་ཞིབ་མཆན་དང་ལག་བསྟར་ལྟ་རྟོག ཁྲིམས་གཏན་སྲིད་ཇུས། ལག་རྩལ་ཚད་གཞི་བཅས་ཀྱི་མ་ལག་འཐུས་ཚང་འཛུགས་པ། སྤྱིའི་འདུས་ཤུགས་ཆགས་པར་བྱེད་པ། མིག་སྔར་ལ་དོ་དམ་དང་ཡུན་རིང་ལ་ཕན་པའི་ལས་དོན་འདི་ལེགས་པར་སྒྲུབ་བ་དང་ནན་མོས་བསྒྲུབས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྔར་ལས་འདེགས་སྐྱོར་དང་ཞབས་ཞུ་སྒྲུབ་དགོས་ཞེས་བསྟན།

ཧྲིན་ཀྲང་ལིའུ་ཐའོ་ཡིས་ཚོགས་འདུར་མགོ་འཛིན་བྱས། ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་བཟོས་པའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། མཚོ་ཤར་དང་མཚོ་ནུབ། མཚོ་ལྷོ། མཚོ་བྱང་། ཡུས་ཧྲུའུ། མགོ་ལོག རྨ་ལྷོ་བཅས་གྲོང་ཁྱེར་དང་ཁུལ7གྱི་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་སྙན་ཞུ་ཕུལ། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།