ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་རྫས་དངོས་མང་སྟོན་ཚོགས་སྟེང་མཚོ་སྔོན་གྱི་ཐོན་རྫས་རྒྱུན་མཐུད་ངང་འགྲེམ་སྟོན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྒྱལ་མོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྟ་སྐོར་བས་ཤ་སྐམ་གྱི་བྲོ་བ་མྱོང་བཞིན་པ། 

འདི་ནི་མཚོ་སྔོན་ནས་ཐོན་པའི་ཐོན་རྫས་ཡིན།

འདི་ནི་མཚོ་སྔོན་ནས་ཐོན་པའི་ཐོན་རྫས་ཡིན།

ཕྱི་རྒྱལ་གྱི་ཚོང་མགྲོན་གྱིས་མཚོ་སྔོན་གྱི་ཐོན་རྫས་ལ་རྒྱུས་ལོན་བྱེད་བཞིན་པ།

ཟླ4བའི་ཚེས14ཉིན་ནི་སྐབས་བཞི་བའི་ཀྲུང་གོའི་རྒྱལ་སྤྱི་འཛད་རྫས་དངོས་མང་སྟོན་ཚོགས་ཀྱི་ཉིན་གཉིས་པ་ཡིན། སྟོན་ཚོགས་ཀྱི་ཚ་ཚད་ཇེ་ཆེར་ཕྱིན་པ་དང་བསྟུན་ནས། མཚོ་སྔོན་འགྲེམས་སྟོན་ཁང་ནང་མི་ཚོགས་ཤིག་ཤིག་བྱེད་ཀྱིན་འདུག ལྗང་མདོག་སྐྱེ་ལྡན་གྱི་ཐོན་རྫས་གསར་པ་མང་པོ་གཅིག་རྗེས་གཉིས་མཐུད་ངང་འགྲེམས་སྟོན་བྱས་ཡོད་དེ། བྲོ་བ་ཐུན་མོང་མ་ཡིན་པའི་ཤ་སྐམ་དང་ལག་པས་བཤིག་པའི་ཤ་སྐམ། འཚོ་བཅུད་ཕུན་སུམ་ཚོགས་པའི་སྐྱེ་ལྡན་བྱེ་ཚེར་གྱི་ཁུ་བ་དང་འཕང་འབྲས་ནག་པོ། འཕང་འབྲས་དམར་པོ། ད་དུང་གསར་གཏོད་ཐོན་རྫས་ཟུར་གསུམ་ཞོ་སིལ་མ་དང་འབྲི་མོའི་ཞོ་ཀ་ར་མཉེན་མོ་སོགས་ཡོད། མི་མང་པོ་ཞིག་ཐོན་རྫས་འདི་དག་གི་མིང་གྲགས་ལ་དམིགས་ནས་ཡོང་སྟེ་རྒྱུས་ལོན་བྱེད་པ་དང་ཉོ་སྒྲུབ་སྤེལ་རེས་བྱེད་ཀྱིན་ཡོད། ཉེ་བའི་ལོ་གཉིས་རིང་མིང་གྲགས་ཆེ་བའི་མཚོ་སྔོན་གྱི་ས་མཐོའི་གྲང་ངར་ཅན་གྱི་སྔོ་ཚལ་ལའང་མི་མང་པོ་ཞིག་གིས་དགའ་ཞེན་ཆེན་པོ་ཐོབ་ཡོད་པས། ཚང་ཁ་ཤིག་ཤིག་གིས་རྒྱུས་ལོན་བྱེད་པར་ཕེབས་འདུག

 
རྩོམ་སྒྲིག་པ། : 加毛吉