ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་སྐོར་ལྔ་བའི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བརྗོད་དོན་སློབ་སྦྱོང་དང་བགྲོ་གླེང་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས12ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས《མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་སྐོར་ལྔ་པའི་ཁྲོད“འཕེལ་རྒྱས་ལེགས་པོའི་དུས་སྐབས་ཀྱི་ཆེད་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྟོབས་ཤུགས་ཆེན་པོ་ཕུལ་བར་བྱས་རྗེས་འཇོག་པ”ཞེས་པའི་བརྗོད་དོན་སློབ་སྦྱོང་བགྲོ་གླེང་བྱེད་སྒོ་སྤེལ་བའི་སྐོར་གྱི་བརྡ་སྦྱོར》(གཤམ་དུ《བརྡ་སྦྱོར》ཞེས་བསྡུ་རྒྱུ)འགྲེམ་སྤེལ་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་རྣམས“མཚོ་སྔོན་ལ་ཤེེས་རྟོགས་བྱེད་པ་དང་། མཚོ་སྔོན་ལ་དགའ་ཞེན་ཆེ་བ། མཚོ་སྔོན་དར་རྒྱས་སུ་གཏོང་བ”བཅས་ཀྱི་ལག་ལེན་བྱེད་མཁན་དུ་བརྩོན་ལེན་བྱ་རྒྱུར་ཁྲིད་སྟོན་བྱས་ནས། ཆབ་སྲིད་ཀྱི་གནས་བབ་དེ་ལས་མཐོ་བ་དང་། ལས་སྒྲུབ་ཀྱི་སྤྲོ་སེམས་དེ་ལས་ཆེ་བ། ལས་དོན་གྱི་བྱེད་ཐབས་དེ་ལས་དོན་དངོས་ལྡན་པ་བཅས་ཀྱི་སྟེང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་སྟེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུ་རེད།

《བརྡ་སྦྱོར》ནང་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་གྱི་རོགས་སྐྱོར་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣར་སེམས་ཁུར་དང་བརྩེ་སེམས་ཆེན་པོ་མཚོན་ཐུབ་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་རོགས་སྐྱོར་གྱི་ལག་ལེན་དངོས་ལ་བློ་གཅིག་སེམས་གཅིག་གིས་ཞུགས་ཐུབ་པ་དང་། མཚོ་སྔོན་དུ་ཁ་གཏད་རོགས་སྐྱོར་ཐོན་ཁུངས་སྣ་ཚོགས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དོ་སྣང་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུ་དེ་ཡིན་ཞེས་བསྟན་ཡོད། བྱེད་སྒོ་དེ“མཚོ་སྔོན་འཕེལ་རྒྱས་ཀྱི་དུས་སྐབས་ལེགས་པོ་བསུ་བཞིན་ཡོད་པ ”དང“མཚོ་སྔོན་འཕེལ་རྒྱས་ལ་ཅི་ཞིག་མཁོ་བ། རྒྱབ་ཕྱོགས་ཀྱི་རོགས་སྐྱོར་གྱིས་ཅི་ཞིག་མཁོ་འདོན་བྱེད་ཐུབ་པ། ”“མཚོ་སྔོན་གྱི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་ངས་ཅི་ཞིག་བྱེད་ཐུབ། ”“མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྙིང་སྟོབས་ནི་ཅི་ཞིག་ཡིན་ནམ ”ཞེས་པའི་སློབ་སྦྱོང་དང་བགྲོ་གླེང་བྱས་ཐོག མཚོ་སྔོན་དུ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་རྩ་འཛུགས་བྱས་ནས། དོན་དངོས་དང་ཟུང་འབྲེལ་བྱས་ནས་ངོས་འཛིན་དང་མྱོང་ཚོར། བསམ་བློ་བཅས་གླེང་མོང་བྱས་ཏེ་མཚོ་སྔོན་གྱི་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་དེ་ལས་ལེགས་པ་གཏོང་བར་མཐུན་རྐྱེན་བསྐྲུན། བྱེད་སྒོ་དེ་ཆེད་དོན་སློབ་སྦྱོང་ཐེངས་གཅིག་དང་། བརྗོད་དོན་གཙོ་བོའི་བགྲོ་གླེང་ཐེངས་གཅིག། བརྟག་ཞིབ་གཏིང་ཟབ་ཐེངས་གཅིག། སྒོ་རྩར་འཚམས་འདྲི་ཐེངས་གཅིག རྒྱབ་ཕྱོགས་སྦྲེལ་མཐུད་ཐེངས་གཅིག། མཉམ་འབྲེལ་གྲོས་ཚོགས་ཐེངས་གཅིག སྤེལ་རེས་ཞིབ་བརྗོད་ཐེངས་གཅིག། གཏམ་བཤད་འགྲན་བསྡུར་ཐེངས་གཅིག་སོགས་ཀྱི་རྣམ་པའི་སྟེང་བྱེད་སྒོ་དངོས་གཉེར་ཕན་ནུས་ལྡན་པ་དང་ཉེ་དུས་ཕན་འབྲས་ཐོན་གང་ཐུབ་བྱ་རྒྱུ་རེད།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།