ཀྲུང་གོ་བོད་ཀྱི་དྲ་བ།

ནུས་ཤུགས་ཡོད་རྒུས་དཔྱིད་འདེབས་ཀྱི་ཞིང་ལས་རྒྱུ་ཆའི་མཁོ་སྤྲོད་ལ་འགན་ལེན་བྱེད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས28ཉིན་གསར་འགོད་པས་མཚོ་ཤར་གྲོང་ཁྱེར་མཁོ་ཚོང་མཉམ་འབྲེལ་ཁང་ནས་ཤེས་གསལ་ལྟར་ན། ནུས་ཤུགས་ཡོད་རྒུས་དཔྱིད་འདེབས་ཞིང་ལས་རྒྱུ་ཆའི་མཁོ་སྤྲོད་འགན་ལེན་བྱས་ཏེ། ལོ་ཧྲིལ་པོར་འབྲུ་རིགས་ཐོན་འབབ་ཡག་པོ་ཡོང་ཆེད་རྨང་གཞི་བཏིང་ཡོད། མཚོ་ཤར་གྲོང་ཁྱེར་མཁོ་འཚོང་མ་ལག་གིས་མིག་སྔར་བསྡོམས་པས་རྫས་ལུད་སྣ་ཚོགས་ཏུན་ཁྲི3.27དང་། ཞིང་སྨན་ཏུན43.8 ཞིང་སྤྱོད་འགྱིག་ཤོག་ཏུན18.7། སྐྱེ་ལྡན་ལུད་ཏུན་ཁྲི4.86བཅས་གཏོང་འདྲེན་གསོག་འཇོག་བྱས་ཡོད། 

ཉིན་ཤས་བསྟུད་མར་མཚོ་ཤར་གྲོང་ཁྱེར་མཁོ་འཚོང་ཁོངས་གཏོགས་ཀྱིས་ཞིང་ལས་རྒྱུ་ཆའི་མཁོ་སྤྲོད་ཁེ་ལས་སུ་བསྐྱོད་དེ་ཞིང་ལས་རྒྱུ་ཆའི་ཁེ་ལས་ཀྱིས་ཞིང་ལས་རྒྱུ་ཆའི་སྤུས་ཚད་ལ་དོ་དམ་ནན་པོ་བྱ་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ནས། ཞིང་སྤྱོད་རྒྱུ་ཆའི་རིན་གོང་བརྟན་དུ་བཏང་བ་དང་དུས་མཚུངས་སུ་ཞིང་ལས་རྒྱུ་ཆའི་ཁྲོམ་རའི་བདེ་འཇགས་གཉེར་སྐྱོང་ཞིབ་བཤེར་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། ཞིང་ལས་རྒྱུ་ཆའི་ཁྲོམ་རའི་རྒྱུན་གཏན་གྱི་སྒྲིག་ལམ་སྲུང་སྐྱོང་བྱས་པ་རེད། མཁོ་སྤྲོད་ཞབས་ཞུ་དེ“བར་ཐག་མེད་པ”ཞིག་ཏུ་འགྱུར་ཆེད། མཁོ་འཚོང་དྲ་རྒྱའི་མ་ལག་ལ་བརྟེན་ནས“ལུད་སྐྱེལ་གཤམ་སྐྱེལ”གྱི་ཁེ་ཉོ་ཕྱིར་ཚོང་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཞིང་། ཁ་པར་ཐོག་ནས་སྔོན་མངགས་དང་། གྲོང་ཚོར་སྐྱེལ་བ། ཞིང་ནང་དང་མུ་ཁར་སྐྱོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཞིང་སྤྱོད་དངོས་རྫས་མཁོ་འདོན་གྱི“མཇུག་མཐའི་ལེ་དབར་གཅིག”ཤར་གཏོང་ཐུབ་ནས་ཞིང་པས་ཐག་ཉེ་སར་ཞིང་ལས་རྒྱུ་ཆ་ཉོ་རྒྱུར་སྟབས་བདེ་བསྐྲུན། 

ཤེས་གསལ་ལྟར་ན། མཚོ་ཤར་གྲོང་ཁྱེར་མཁོ་འཚོང་ཁོངས་གཏོགས་ཀྱིས་གྲོང་གསེབ་ཀྱི་ས་ཞིང་ཚབ་གཉེར་ཞབས་ཞུ་ཧུར་ཐག་གིས་སྤེལ་བ་དང་། ས་ཞིང་གོ་རིམ་ལྡན་པའི་ངང་རྒྱུན་འཁོར་དང་ཚབ་འཛུགས་དོ་དམ་ནང་ཞུགས་པ། ཞིང་ལས་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་ལ་སྐུལ་འདེད་བཏང་བ་དང་། ཞིང་པ་དང་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་གྲས་སྣ་ཚོགས་ལ་རྨོ་འདེབས་དང་། སོན་འདེབས། དོ་དམ། བསྡུ་ལེན། གསོག་འཇོག ཕྱིར་འཚོང་བཅས་ཀྱི་རྒྱུད་རིམ་ལྡན་པའི་ཐོན་སྐྱེད་མ་བྱས་གོང་དང་། ཐོན་སྐྱེད་བྱེད་རིང་། ཐོན་སྐྱེད་བྱས་རྗེས་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ། ལོ་ཏོག་སྨན་ཁང་ལ་བརྟེན་ནས་ཞིང་པར་ས་འཇལ་རྫས་སྦྱོར་དང་ཞིང་ལས་ལག་རྩལ་ཁྱབ་གདལ་སོགས་ཆེད་ལས་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་ནས་ཞིང་པར་ཚན་རྩལ་ཞབས་ཞུ་བྱེད་པའི་ཆུ་ཚད་མཐོ་རུ་བཏང་སྟེ་ཞིང་ལས་ཐོན་འཕར་དང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་བཏང་ཡོད། །

 
རྩོམ་སྒྲིག་པ། : འཕགས་མོ་དོན་འགྲུབ།