ཀྲུང་གོ་བོད་ཀྱི་དྲ་བ།

མགོ་ལོག་ཁུལ་གྱིས་སྒོར་ཁྲི30ཡི་འཛད་སྤྱོད་དངུལ་འཛིན་འགྲེམ་གཏོང་བྱས་ཏེ་ཁེ་ལས་ལ་རོགས་འདེགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས31ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི2024ལོའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལོའི་མགོ་ཚུགས་མཛད་སྒོ་དང“དཔྱིད་མགོ་ཚིགས་དུས་མགོ་ལོག་གི་ཁེ་ལས་ལ་རོགས་འདེགས་བྱས་ནས་དམངས་ལ་ཕན་བདེ་བསྐྲུན་པ”ཞེས་པའི་འཛད་སྤྱོད་བྱེད་སྒོ་རྨ་ཆེན་རྫོང་རྨ་གཡང་ཚོང་དོན་ཐང་ཆེན་དུ་སྤེལ་མགོ་ཚུགས།

མགོ་ཚུགས་མཛད་སྒོ་ལས“འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལོ”ཞེས་པ་བརྗོད་དོན་དུ་བྱས་ནས་སྲིད་གཞུང་གིས་སྟེགས་བུ་སྐྲུན་པ་དང་། ཁེ་ལས་ཀྱིས་ཟློས་གར་འཁྲབ་པ། མང་ཚོགས་ལ་ཕན་ཁེ་ཐོབ་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཚོང་དུད20རྩ་འཛུགས་བྱས་ནས་འགྲེམ་ཚོང་བྱས་པ་མ་ཟད། སྒོར་ཁྲི30བཏང་ནས་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་མ་དངུལ་སྒོར་ཁྲི30བཏང་བ་དང་། ཚོང་ར་དང་སྒོ་རྩིས་ཚོང་ཁང་། ཚོང་ཁང་སོགས་ཁྱབ་ཁོངས་མང་པོར་དམིགས་ནས་སྲིད་གཞུང་གི་འཛད་སྤྱོད་འཛིན་ཤོག་སྤྲོད་པ་དང་། ཁེ་ལས་ལ་ཁེ་བཟང་སྤྲོད་པ། ཁེ་བཟུང་འཕྲི་གཅོག་བྱེད་པ་སོགས་ཀྱི་བྲིན་ཚོང་བྱ་ཐབས་མང་པོ་སྤེལ། འཛད་སྤྱོད་བྱེད་སྒོར་སྐུལ་འདེད་གཏོང་བར་དུས་ཚོད་སྟེང་དྭངས་གསལ་དུས་ཚིགས་དང་ངལ་རྩོལ་དུས་ཆེན་གྱི་དུས་ཆེན་གཉིས་འབྲེལ་མཐུད་བྱས་པ་དང་། མང་ཚོགས་ཀྱི་དུས་ཆེན་སྐབས་སུ་རིམ་པ་མང་བ་དང་སྣེ་མང་ཅན་གྱི་ཉོ་སྒྲུབ་དགོས་མཁོ་བསྐངས་ཏེ། ཁྲོམ་རའི་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བ་དང་ཁུལ་ནང་ཁུལ་གྱི་དཔལ་འབྱོར་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་སོགས་ཚོང་པར་ཕན་ཁེ་ཡོད་པ་དང་། འཛད་སྤྱོད་ཇེ་ལེགས་སུ་འགྲོ་བ། མང་ཚོགས་ལ་དངོས་ཕན་ཐོབ་པར་སྐུལ་འདེད་བཏང་། 

མགོ་ལོག་ཁུལ་བཟོ་འཕྲིན་ཚོང་དོན་ཅུའུ་ཡི་ལས་དོན་མི་སྣས་མགོ་ཚུགས་མཛད་སྒོ་འཚོགས་རྗེས། མགོ་ལོག་ཁུལ་བཟོ་འཕྲིན་ཚོང་དོན་ཁོངས་གཏོགས་ཀྱིས་ལོ་ཧྲིལ་པོར་ཁྱབ་པ་དང་། ཁུལ་ཡོངས་ལ་ཁྱབ་པ། སྡེ་ཁག་བར་མཉམ་འགུལ་བྱེད་པ། སྲིད་གཞུང་དང་ཁེ་ལས་མཐུན་སྦྱོར་མཉམ་ལས། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་བཅས་ཀྱི2024ལོའི་འཛད་སྤྱོད་སྐུལ་འདེད་ལོའི་བྱེད་སྒོ་སྤེལ་ནས། སྣ་མང་ཕུན་སུམ་ཚོགས་པའི་ཚོང་ཟོག་བཀོད་སྒྲིག་བྱས་ཏེ་བྲིན་ཚོང་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། ཁྱད་ཆོས་ལྡན་པ་དང་མི་གཡང་བསྡུ་བ། སྣང་བརྙན་གཏོད་པ་བཅས་བྱས་ཏེ་མགོ་ལོག་མི་དམངས་ལ་མིག་གིས་མཐོང་རྒྱུ་ཡོད་པའི་ཕན་པ་དངོས་ཐོབ་པ་བྱ་རྒྱུ་ཡིན་ཞེས་ཟེར།

ཉིན་དེར་མགོ་ལོག་ཁུལ་རྨ་ཆེན་རྫོང་དང་དགའ་བདེ་རྫོང་། གཅིག་སྒྲིལ་རྫོང་། རྨ་སྟོད་རྫོང་། དར་ལག་རྫོང་། པད་མ་རྫོང་བཅས་རྫོང་དྲུག་གི་བཟོ་འཕྲིན་ཚོང་དོན་སྡེ་ཁག་གིས་དུས་མཉམ་གཅིག་ཏུ་མགོ་ཚུགས་མཛད་སྒོ་འཚོགས།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།