ཀྲུང་གོ་བོད་ཀྱི་དྲ་བ།

སྔོ་ཚལ་ལྡུམ་རར་བརྟེན་ནས་དམངས་འཚོར་འགན་སྲུང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྗང་སྣུམ་གྱིས་ཕྱུག་པའི་སྔོ་ཚལ་དང་དམར་མདངས་མདངས་ཀྱི་ཀྲོ་མ་ཀྲུ་སོགས། ཟླ4པའི་ཚེས1ཉིན་ན་གོར་མོ་ཧི་ཞི་ཞིང་ཞོར་ཚོང་རར་བསྐྱོད་ཚེ་སྔོ་ཚལ་སྣ་ཚོགས་ཚོང་སྒྲོམ་སྟེང་སྒྲིག་ཡོད་ལ། སྔོ་ཚལ་ཉོ་རུ་ཡོང་བའི་སྐུ་ཞབས་ཁྲེན་གྱིས་སྔོན་ཆད་སྔོ་ཚལ་རིགས་འགའ་མ་གཏོགས་མེད། འོན་ཀྱང་ད་ལྟ་རིགས་སྣ་ཚོགས་ཡོད་པས་གཟའ་འཁོར་གཅིག་ལ་ཉོས་ཀྱང་བསྐྱར་ཟློས་འབྱུང་རྒྱུ་མེད་ཟེར། 

2024ལོར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་སྔོ་ཚལ་ལྡུམ་རའི་བཟོ་སྐྲུན་འཛུགས་སྐྲུན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་བཟོ་སྐྲུན་གལ་ཆེན་ཞིག་ཏུ་བརྩི་རྒྱུར་རྒྱུན་འཁྱོངས་བྱས་ཤིང་། སྔོ་ཚལ་ལྡུམ་རའི་ཧྲི་ཀྲང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས། སྤྱི་ལ་གནོད་པ་མེད་པའི་སྔོ་ཚལ་རྟེན་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ་སྔོ་ཚལ་ལྡུམ་རའི་ཐོན་རྫས་ཐོན་སྐྱེད་འཕེལ་རྒྱས་དང་། ཁྲོམ་རའི་འཁོར་རྒྱུག སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་པ་སོགས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ནས་སྔོ་ཚལ་ལྡུམ་རའི་ཐོན་རྫས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་།

མིག་སྔར་ན་གོར་མོ་གྲོང་ཁྱེར་དུ་ཁྱོན་སྡོམ་སྒྲིག་བཀོད་དྲོད་ཁང་ཆེན་པོ5746ཡོད་ཅིང་རྒྱ་ཁྱོན་ལ་སྤྱི་ཆིང191ཡོད།   ཚན་རྩལ་དཔེ་སྟོན་གླིང་གསར་བ་སོགས་གཞི་ཁྱོན་ཅན་གྱི་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་རྟེན་གཞི4བཙུགས་པ་དང་། སྔོ་ཚལ་རིགས་ཆེན་པོ7དང་སྣ་ཁ110ལྷག་ཡོད།  2023ལོར་སྔོ་ཚལ་འདེབས་འཛུགས་ཀྱི་ཐོན་ཚད་ཏུན23521.85ཟིན། ཞིང་ལས་ཐོན་རྫས་ཁྲོམ་རའི་འཁོར་རྒྱུག་མ་ལག་འཐུས་ཚང་དུ་གཏོང་ཆེད་ན་གོར་མོ་གྲོང་ཁྱེར་གྱིས་སྔ་རྗེས་སུ《ན་གོར་མོ་གྲོང་ཁྱེར་གྱི་ཚོང་འདུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལམ་ལུགས(ཚོད་ལྟའི་ལག་བསྟར)》དང《ཟས་རིགས་ཞིང་ལས་ཐོན་རྫས་ཐོན་ཡུལ་ཕྱིར་ཐོན་ཆོག་པ་དང་ཁྲོམ་རའི་འཇུག་འཐུས་ལམ་ལུགས་ཀྱི་བརྡ་ཐོ》དཔར་འགྲེམས་བྱས་ནས། སྔོ་ཚལ་ལྡུམ་རའི་ཐོན་རྫས་ཀྱི་ཁྲོམ་རའི་འཁོར་རྒྱུག་གི་ཆུ་ཚད་མཐོ་རུ་བཏང་། དེ་དང་ཆབས་ཅིག ཚན་རྩལ་ལ་བརྟེན་ནས་སྔོ་ཚལ་ལྡུམ་ར་འཕེལ་རྒྱས་སུ་བཏང་པ་དང་། ཞིང་ལས་ལག་རྩལ་ཁྱབ་གདལ་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱས། ཞིང་ཆེན་ནགས་ཞིང་ཚན་རིག་གླིང་ཨང་རྟགས001གི་ཁུལ་གསུམ་གྱི་ཤེས་ལྡན་པའི་ལས་དོན་ས་ཚིགས་ལ་བརྟེན་ནས་ཆེད་མཁས་པ་དང་ལག་རྩལ་མཛུབ་སྟོན་པ།  ཚན་རྩལ་དཔེ་སྟོན་ཁྱིམ་ཚང་། ཁྱབ་འགྱེད་ཁྱིམ་ཚང་བཅས་ཟུང་འབྲེལ་བྱེད་པའི་སྔོ་ཚལ་ལག་རྩལ་ཁྱབ་གདལ་གྱི་དྲ་རྒྱའི་མ་ལག་བཙུགས་ཏེ། རིམ་རྩིས་བྱས་ན་ལྗང་མདོག་སྔོ་ཚལ་འདེབས་འཛུགས་དང་ནད་འབུའི་གནོད་འཚེ་ལྗང་མདོག་སྔོན་འགོག་ཚོད་འཛིན་སོགས་རིགས་སོ་སོའི་གསོ་སྦྱོང་འཛིན་གྲྭ་ཐེངས50ལྷག་བསྒྲུབས།  སྔོ་ཚལ་སྣ་ཁ་གསར་བ20ལྷག་ནང་འདྲེན་དང་ཁྱབ་གདལ་བཏང་ཞིང་ཅ་ཀྲོའུ་ཉ་གཞི་ཁྱོན་ཅན་གྱིས་གསོ་ཚགས་བྱེད་པའི་དུས་རིམ་དུ་སླེབས།  

གཞན་ད་དུང་།  སྔོ་ཚལ་ལྡུམ་རའི་ཐོན་རྫས་བདེ་འཇགས་ལ་འགན་སྲུང་བྱ་ཆེད། ན་གོར་མོ་གྲོང་ཁྱེར་གྱིས་ཟས་རིགས་ཞིང་ལས་ཐོན་རྫས་ཁས་ལེན་གྱི་ཚད་མཐུན་ལག་ཁྱེར་ལམ་ལུགས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཚད་ལོན་ལག་ཁྱེར་ཤོག་གྲངས43278དང་ཏུན8670.68སྤྲད་ནས་སྔོ་ཚལ་ལྡུམ་རའི་ཐོན་རྫས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་སྔོ་ཚལ་ལྡུམ་རའི་བཟོ་སྐྲུན་ལ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་།  །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།