ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་མི2ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཡོད་ཚད་བློས་གཏོང་ཕོད་པའི་དཔའ་བོའི་གྲས་སུ་ཚུད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས2ཉིན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས2024ལོའི་དུས་ཚིགས་དང་པོའི་ཡོད་ཚད་བློས་གཏོང་ཕོད་པའི་དཔའ་བོ་ཁྱབ་བསྒྲགས་བྱས་པ་དང་། ཁྱོན་དཔའ་རྒོད55མིང་ཐོའི་ཁྲོད་ཚུད། མཚོ་སྔོན་གྱི་མི་གཉིས་ཡོད་ཅིང་། སོ་སོར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཁྲིམས་འཛིན་ཉེན་རྟོག་ཡན་ལག་རུ་ཁག་གི་རུ་གཙོ་གཞོན་པ་ཆའོ་ཞའོ་ཕིང་དང་། ཉེན་རྟོག་ལས་སྒྲུབ་རོགས་འདེགས་པ་ལིའི་ཡུས་ལིན་གཉིས་ཡིན། 

2023ལོའི་ཟླ12པའི་ཚེས25ཉིན་གྱི་དུས་ཚོད20སྟེང་། མཚོ་ཤར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཆའོ་ཞའོ་ཕིང་དང་ ལིའི་ཡུས་ལིན་གཉིས་ལས་གྲོགས་ཀྱིས་ཞུ་སྦྱོར་ཕྱི་མ་ལས་ཁུངས་སུ་སྐྱེལ་བའི་ལམ་དུ། རླངས་འཁོར་ལི་ཏུའུ་ཆུས་ཞི་ཏ་ཆའོ་རུ་བསྐྱོད་སྐབས། མང་ཚོགས་གཉིས་ཀྱིས་རླངས་འཁོར་བཀག་ཏེ། མི་ཞིག་ཆུ་ནང་དུ་ལྡིང་རྒྱུ་རེད་ཟེར། ཁོ་ཚོས་དེ་མ་ཐག་རླངས་འཁོར་ལས་བབས་ནས་བལྟས་ཚེ། བུ་མོ་ཞིག་ཆུ་འགྲམ་དུ་ལངས་ནས་བསྡད་ཡོད་པ་མཐོང་། ཁོ་ཚོས་མྱུར་དུ110ལ་ཉེན་བརྡ་ཞུ་ཞོར་དུ། ཆུ་འགྲམ་དུ་སོང་ནས་བུ་མོ་དེ་བསྐྱབས། དེའི་སྐབས་སུ་བུ་མོ་དེའི་གམ་དུ་བཅར་སྐབས། བུ་མོ་གློ་བུར་དུ་ཙོང་ཆུ་ནང་དུ་ལྡིང་། ཆའོ་ཞའོ་ཕིང་དང་ལིའི་ཡུས་ལིན་གཉིས་ཀྱང་དེ་འཕྲལ་དུ་ཆུ་ནང་དུ་མཆོངས་ཤིང་། མྱུར་མོར་བུ་མོའི་གམ་དུ་རྐྱལ། དགུན་དུས་ཀྱི་ཆུ་བོ་རྐང་ལ་ཟུག་ཅིང་། ཆུ་ཡི་བཞུར་ཚད་མགྱོགས་པས། ཆའོ་ཞའོ་ཕིང་དང་ལིའི་ཡུས་ལིན་གཉིས་ཀྱིས་བུ་མོ་དེ་ལག་པས་དམ་པོར་བཟུང་ནས། ཆུ་འགྲམ་དུ་དྲུད། ཆུ་འགྲམ་དུ་ལས་གྲོགས་ཚོའི་རོགས་རམ་འོག བུ་མོ་དེའི་བདེ་བླག་ངང་བསྐྱབས། 

ཡོད་ཚད་བློས་གཏོང་ཕོད་པའི་དཔའ་བོ་འདེམས་པའི་བྱ་འགུལ་དེ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་གཙོ་སྒྲུབ་དང་། ཀྲུང་ཧྭ་ཡོད་ཚད་བློས་གཏོང་ཕོད་པའི་ཐེབས་རྩ་ཚོགས་པའི་འགན་སྒྲུབ་གནང་། 2022ལོའི་ཟླ9བའི་རིང་ལ། ཁྱོན་ཡོད་ཚད་བློས་གཏོང་ཕོད་པའི་དཔའ་བོའི་དུས་ཚིགས་མིང་ཐོ་ཐེངས6ལ་ཁྱབ་བསྒྲགས་བྱས་པ་དང་། ཡོད་ཚད་བློས་གཏོང་ཕོད་པའི་དཔའ་བོ་340མིང་ཐོ་ཁྲོད་ཚུད་ཅིང་། དེའི་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་ཡོད་ཚད་བློས་གཏོང་ཕོད་པའི་དཔའ་བོ10འདུས། ཁོ་ཚོའི་སྤྱིར་བཏང་གི་མི་ཞིག་གིས་སྲོག་བསྐྱབས་པའི་བརྩེ་བ་དེས། སྤྱི་ཚོགས་ལ་དྲང་ནུས་བརྒྱུད་སྒྲོག་བྱས་ཏེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཐད་བྱས་རྗེས་བཞག ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།