ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི2024ལོའི་ཁྱིམ་ཆས་ཁ་གསབ་བྱེད་སྒོ་ཟླ4པའི་ཚེས1ཉིན་དངོས་སུ་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་དང་ཀུན་བཟང་སྒྲོལ་མ་གཉིས་ཀྱིས་བསྒྱུར།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྱིམ་ཆས་མཛད་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་གྲོང་མིའི་སྡོད་ཁྱིམ་ཆ་རྐྱེན་མཐོ་རུ་གཏོང་ཆེད། 《མཚོ་སྔོན་ཞིང་ཆེན་གྱི2024ལོའི་འཛད་སྤྱོད་སྤུས་ཚད་མཐོར་འདེགས་དང་ཁྱབ་རྒྱ་ཇེ་ཆེར་གཏོང་བའི་ཇུས་གཞིའི》སྤྱི་ཡོངས་ཀྱི་བཀོད་སྒྲིག་ལ་གཞིར་བཟུང་ནས་ཚོང་དོན་ཐིན་སོགས་སྡེ་ཚན6གིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོའི་སྦྲག་སྲིད་གསོག་འཇོག་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་དེ་མིན་ཞིང་ཆེན་ནང་ཁུལ་གྱི་ཁྱིམ་ཆས་ཁེ་ལས་ཀྱིས་མཉམ་འབྲེལ་ངང་སྒྲུབ་པའི“སྡོད་ཁང་གསར་བའི་གཞོན་ནུ་གཉེན་ཉེའི་གཟིགས་སྐྱོང”ཞེས་པའི་མཚོ་སྔོན་ཞིང་ཆེན་གྱི2024ལོའི་ཁྱིམ་ཆས་ཁ་གསབ་བྱེད་སྒོ་ཟླ4པའི་ཚེས1ཉིན་ནས་བཟུང་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས། 

ཐེངས་འདིའི་བྱེད་སྒོའི་ནང་ཁྱོན་བསྡོམས་སྲིད་གཞུང་གི་མ་དངུལ་དང་ཁེ་ལས་ཀྱི་ཆ་ཚང་མ་དངུལ་སྒོར་ཁྲི600བཏ་ནས། ཞིང་ཆེན་ནང་ཁུལ་གྱི་འཛད་སྤྱོད་མཁན་ལ་ཁྱིམ་ཆས་མཛེས་བཟོའི་ཁ་གསབ་སྤྲད། འཛད་སྤྱོད་པས་ཐེངས་འདིའི་བྱེད་སྒོའི་ནང་ཞུགས་མཁན་གྱི་ཁྱིམ་ཆས་ཁེ་ལས་དང་མཛེས་བཟོའི་གན་རྒྱ་བཞག་པའི་ཉིན་ནས་བཟུང་། སྐད་འཕྲིན་སྤྱི་སྟེགས“སྦྲག་གསོག་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང”གི་གཞོན་ནུ་གཉེན་ཉེའི་གཟིགས་སྐྱོང་གྲུབ་ཆའི“སྡོད་ཁང་གསར་བའི་གཞོན་ནུ་གཉེན་ཉེའི་གཟིགས་སྐྱོང”ཞེས་པའི་བྱེད་སྒོའི་ཤོག་ལྷེ་བརྒྱུད་རང་འགུལ་ངང་རེ་ཞུ་བྱེད་ཆོག་པ་དང་། དཔྱད་གཞི་ཡིག་ཆ་ཆ་ཚང་བ་མ་ཟད་ཀྲུང་གོའི་སྦྲག་སྲིད་གསོག་འཇོག་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཞིབ་བཤེར་གཏན་འབེབས་བྱས་རྗེས། རྩིས་སྒྱུར་བྱེད་སྟངས་བརྒྱུད་ནས་ཁ་གསབ་རེ་ཞུའི་བླང་བྱ་དང་མཐུན་པའི་འཛད་སྤྱོད་པར་ཁ་གསབ་མ་དངུལ་སྤྲད། ཁ་གསབ་རོགས་དངུལ་དེ་གན་རྒྱའི་མ་དངུལ་ལ་གཞིགས་ནས་རིམ་པ་གཉིས་སུ་དབྱེ་བ་དང་ཁྱོན་བསྡོམས་མི་གྲངས1200ཡོད། རིམ་པ་དང་པོར་དངུལ་གྲངས་སྒོར་ཁྲི5(ཚུད་པ)ནས་སྒོར་ཁྲི10(མ་ཚུད་པ)བར་གྱི་ཁྱིམ་ཆས་ཁ་གསབ་ཀྱི་སྒོར་ཁྲི3000ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་ཁྱོན་བསྡོམས་མི་གྲངས400ཡོད་ལ། རིམ་པ་གཉིས་པར་དངུལ་གྲངས་སྒོར་ཁྲི10(ཚུད་པ)ཡན་ཟིན་པར་ཁྱིམ་ཆས་ཁ་གསབ་ཀྱི་སྒོར་ཁྲི6000ལོངས་སུ་སྤྱོད་རྒྱུ་ཡོད་ལ་ཁྱོན་བསྡོམས་མི་གྲངས800ཡོད། ཁ་གསབ་རིམ་པ་གཉིས་རྩེག་ཁ་སྣོན་བྱས་ནས་བེད་སྤྱོད་བྱེད་མི་ཆོག་པར། མི་གྲངས་བེད་སྤྱོད་བྱེད་ཚར་རྗེས་མཚམས་འཇོག་དགོས་པ་དང་། རིམ་པ་གཉིས་པའི་མི་གྲངས་བེད་སྤྱོད་བྱས་ཚར་རྗེས། གལ་ཏེ་རིམ་པ་དང་པོའི་མི་གྲངས་ལྷག་མ་ཡོད་ན་འཛད་སྤྱོད་པས་རིམ་པ་དང་པོའི་ཁ་གསབ་ལོངས་སུ་སྤྱོད་རྒྱུའི་རེ་འདུན་ཞུས་ཆོག རེ་ཞུའི་བྱ་ཐབས་ཞིབ་ཕྲ་དང་བྱེད་སྒོའི་ནང་ཞུགས་མཁན་ཁེ་ལས་ཀྱི་མིང་ཐོ་སྐད་འཕྲིན་སྤྱི་སྟེགས“སྦྲག་སྲིད་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང”བརྒྱུད་དེ་ཤེས་རྟོགས་བྱེད་ཆོག །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།