ཀྲུང་གོ་བོད་ཀྱི་དྲ་བ།

རེབ་གོང་སྒྱུ་རྩལ་གྱི་ཕ་སར་བསྐྱོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རེབ་གོང་ཐང་ག་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དགུ་ཆུ་འགྲམ་རྒྱུད་ཀྱི་རེབ་གོང་ས་ཁུལ་ནས་མིང་ཐོགས་པས“རེབ་གོང་སྒྱུ་རྩལ”གྱི་དཔེ་མཚོན་རང་བཞིན་འཐུས་ཚབ་ཡིན།

སྔོན་ཆད། འགྲིམ་འགྲུལ་སྟབས་མི་བདེ་པ་དང་ཆ་འཕྲིན་གྱི་བརྡ་གཏོང་དཀའ་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་རེབ་གོང་ཐང་ག་མི་གཞན་གྱིས་རྒྱུས་ལོན་མེད་པའི་གནས་སུ་ལྷུང་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་སྲིད་གཞུང་གི་སྐུལ་འདེད་འོག་ཏུ་མང་ཚོགས་སྔར་ལས་མང་བ་ཐང་ག་འབྲི་བའི་ལས་དོན་ནང་ཞུགས་པས། རེབ་གོང་ཐང་ག་ཞེས་པའི་དམིགས་བསལ་གྱི་རི་མོ་འབྲི་སྲོལ་འདི་ལ་སྐྱེ་སྟོབས་ཀྱི་དཔལ་རྒྱས་པར་གྱུར།

རེབ་གོང་ཐང་གའི་མིང་གྲགས་ཆོད་ཚད་མཐོ་རུ་ཕྱིན་པ་དང་བསྟུན། ཐང་ག་སྒྱུ་རྩལ་པ་སྔར་ལས་མང་པོས་འབྲི་རྩལ་དེ་ལ་བརྟེན་ནས་ཡོང་འབབ་ཀྱང་འཕར་བ་རེད།

མིག་སྔར། ཐུན་རིན་གྲོང་ཁྱེར་གྱི་སྡོད་དམངས་ཁྲི་བཅུའི་ནང་དུ་མི་ཁྲི་གཉིས་ལ་བརྒལ་བས་ཐང་ག་འབྲི་བའི་ལས་དོན་གཉེར་བཞིན་ཡོད་པ་དང་། རེབ་གོང་ཐང་ག་ཡང་གངས་ལྗོངས་མཐོ་སྒང་ནས་ཕྱིར་བསྐྱོད་པས་གནའ་བའི་ཐང་ག་སྒྱུ་རྩལ་འདིར་གསོན་ཤུགས་གསར་བ་མངོན་བཞིན་ཡོད།

ཉེ་ཆར། གསར་འགོད་པ་ས་གནས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྦྱོང་བརྡར་ཁང་ཞིག་ཏུ་ཡོང་ནས“རེབ་གོང་སྒྱུ་རྩལ”གྱི་ཡིད་དབང་འཕྲོག་ཤུགས་ལ་རོལ་མྱོང་བྱས། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།