ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ལྷོ་ཁུལ་གྱི2024ལོའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི2024ལོའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ཞིང་། མགོ་ཚུགས་མཛད་སྒོའི་སྟེང་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་དང་། ཁྱིམ་ཆས། ཞིང་ལས་ཐོན་རྫས། སྣུམ་གྲུབ་མ། རྒྱུན་སྤྱོད་དངོས་ཟོག་སོགས་ཁྱབ་ཁོངས་ཀྱི་ཁེ་ལས20ལྷག་གིས་ཡུལ་དངོས་སུ་ཉམས་ལེན་དང་བྲིན་ཚོང་བྱས་པ་མ་ཟད། “དག་གཙང་གི་མཚོ་ལྷོ་དང་དཔྱིད་ཀྱི་དུས་སུ་ཁེ་ལས་ཀྱི་དམངས་ལ་ཕན་བདེ་བསྐྲུན་པ”དང“དག་གཙང་གི་མཚོ་ལྷོ་དང་ཁྱིམ་སྤྱོད་གློག་ཆས་རིན་གོང་མར་ཕབ་པ”ཞེས་པའི་ཆེད་དོན་བྱེད་སྒོ་གཉིས་དུས་མཉམ་གཅིག་ཏུ་སྤེལ་བ་རེད།

མཚོ་ལྷོ་ཁུལ་གྱིས“འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལོ”གཙོ་རྐང་དུ་བྱས་ནས“སྲོལ་རྒྱུན་གྱི་འཛད་སྤྱོད་བརྟན་བརླིང་ངང་རྒྱ་ཆེར་གཏོང་རྒྱུ་དང་། རྣམ་པ་གསར་པའི་འཛད་སྤྱོད་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ། གཙོ་གནད་ཁྱབ་ཁོངས་ཀྱི་འཛད་སྤྱོད་ཆེ་རུ་གཏོང་རྒྱུ”བཅས་ཀྱི་བྱ་བའི་བླང་བྱ་ལྟར། “སྲིད་ཇུས་དང་བྱེད་སྒོ་ཟུང་དུ་འབྲེལ་བའི”མཉམ་སྒུལ་རྒྱུན་འཁྱོངས་བྱས་ཏེ་ནོར་སྲིད་ཀྱི་ཆེད་དོན་མ་དངུལ་ལ་བརྟེན་ནས་སྐུལ་སློང་བྱེད་ཤུགས་ཆེ་རུ་བཏང་བ་དང་། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་། རྣམ་པ་གསར་པ་བཅས་ལ་སྐུལ་འདེད་གཏོང་བར་ཁྲིད་སྟོན་བྱས་པ་བརྒྱུད། ལོ་ཧྲིལ་པོར་ཁྱབ་པ་དང་རྒྱ་ཁྱབ་ཀྱི་འཛད་སྤྱོད་ཕྱོགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་རབ་དང་རིམ་པའི་བྱེད་སྒོ་སྤེལ་བ་དང་། འཛད་སྤྱོད་བསྐྱར་འཕར་ཇེ་ལེགས་སུ་་འགྲོ་བར་སྲ་བརྟན་དུ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་བ་འབུལ་རྒྱུ་རེད།

ཤེས་གསལ་ལྟར་ན། རྗེས་མར་མཚོ་ལྷོ་ཁུལ་གྱིས་སྲོལ་རྒྱུན་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རྒྱུན་མཐུད་ངང་ལེགས་པོ་སྒྲུབ་པ་དང་དུས་མཚུངས་སུ།“མཚོ་ལྷོ་མི་དམངས་མཚོ་ལྷོ་ལ་དགའ་བ་དང་འཛད་སྤྱོད་མཚོ་ལྷོ་རུ་བྱེད་པའི”འདུ་ཤེས་ཧུར་ཐག་སྒོས་གསར་སྐྲུན་བྱ་རྒྱུ་གཙོར་བྱས་ཏེ། ཁུལ་ནང་ཁུལ་གྱི་འཛད་སྤྱོད་པར་ཕྱོགས་པའི་མུ་འབྲེལ་བྲིན་ཚོང་བྱེད་སྒོ་ཐེངས30ལྷག་སྤེལ་བ་དང་། ས་གནས་དེ་གའི་ཁེ་ལས200ལྷག་ཞུགས་ཡོད་པ་དང་། དེའི་ནང་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས་བཅས་གཙོ་གནད་དུ་བྱས་ནས་འཛད་སྤྱོད་འབོར་ཆེན་ཇེ་མང་དུ་བཏང་བ་དང་། དྲ་ཐོག་ཚོང་པའི་ཐད་གཏོང་དངོས་ཟོག་ཕྱིར་འཚོང་འགྲན་བསྡུར་དང་། “6·18”དྲ་ཐོག་ཉོ་སྒྲུབ་དུས་ཆེན། “དྲ་ཐོག་ལོ་གསར་གྱི་མཁོ་ཆས་དུས་ཆེན”སོགས་ཀྱི་བྱེད་སྒོ་སྤེལ་ནས། གྲངས་གཞིའི་འཛད་སྤྱོད་ལ་སྐུལ་འདེད་བཏང་བ། “དཔྱིད་ཀྱི་ཞོགས་པའི་དུས་ལ་ཁྲི་ཀར་བསྐྱོད་པ་དང་། འཆམ་མཐུན་གྱི་གུང་ཧོའི་གླུ་གར་འཁྲབ་སྟོན། རྟ་རྒྱུག་དུས་ཆེན་དུ་མཇལ་བ”སོགས་ཀྱི་བྱེད་སྒོ་སྤེལ་བ། རིག་གནས་ཡུལ་སྐོར་དང་འཛད་སྤྱོད་མཉམ་འདྲེས་ཐུབ་པ་བྱས་ནས་མཚོ་སྐོར་འགྲན་བསྡུར་དང་། དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་བསྡུར་ཆེན་མོ། སྡེ་བའིBAསོགས་ལུས་རྩལ་འགྲན་བསྡུར་ལ་བརྟེན་ནས་ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་ཚོང་འགྲུལ། ཡུལ་སྐོར་བཅས་མཉམ་འདྲེས་བྱེད་པ་དང་། ཞིང་ཆེན་དང་ཁུལ་དང་རྫོང་མཉམ་འགུལ་བྱེད་པ། ཆབ་སྲིད་དང་དངུལ་རྩ། དྲ་སྦྲེལ། དྲ་ཐོག་དང་ཡུལ་དངོས་ཀྱི་མཉམ་འབྲེལ། ཐུན་མོང་ཐོག་སྐུལ་འདེད་སོགས་ཀྱི་བྱ་ཐབས་སྤྱད་དེ་བྲིན་ཚོང་བྱེད་སྒོ་ཚང་མ་རྩ་འཛུགས་ཞིབ་ཚགས་བྱས་ནས་ཁུལ་ཡོངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།