ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཁུལ་གྱིས་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་མ་ལག་སྒྲིག་སྲོལ་འཐུས་ཚང་དུ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏན་ཏིག་གིས《ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བའི་སྲོལ་ཡིག》དང《རྒྱལ་ཡོངས་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་འཆར་འགོད(2023-2027ལོ)》བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ་དང་། ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་མ་ལག་འཐུས་ཚང་དུ་བཏང་ནས། ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བ་ཚན་རིག་ཅན་དང་སྒྲིག་སྲོལ་ཅན། ཚད་ལྡན་ཅན་སྐུལ་འདེད་བཏང་། 

མགོ་རྩོམ་ས་བཙལ་ཏེ། ཚན་རིག་སྒོས་གནད་ཁེལ་འཆར་འགོད་བྱས། རྩ་འཛུགས་དང་ཏང་གི་སློབ་གྲྭ དབུས་ནུབ་རྒྱུད་མཐུན་འགྲིག ཁ་གཏད་རོགས་སྐྱོར་སོགས་སྡེ་ཁག་ཞུགས་པའི་གཅིག་གྱུར་མཐུན་འགྲིག་སྐུལ་འདེད་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། ཚན་རིག་སྒོས་ལོ་ཧྲིལ་བོའི་ལས་བྱེད་སློབ་གསོའི་གསོ་སྦྱོང་འཆར་འགོད་ཞིབ་བཤེར་གཏན་ཁེལ་བྱས་ཏེ། གསོ་སྦྱོང་གི་ཚད་གཞི་མཐོར་འདེགས་དང་། ལས་བྱེད་པའི་གསོ་སྦྱོང་རེ་ཞུ་ཞིབ་ཚགས་སུ་གཏོང་བ། ཞིབ་བཤེར་ཆོག་མཆན་དང་རྟོག་ཞིབ་གསོ་སྦྱོང་བྱ་བའི་གོ་རིམ། བརྗོད་དོན་གསོ་སྦྱོང་གཙོ་གནད་འབུར་ཐོན་བྱས་ནས། སློབ་གསོའི་ཐོན་ཁུངས་སྔར་ལས་གནད་ཁེལ་དང་། དོན་དངོས་ཕན་འབྲས་མཐོར་འདེགས་སུ་གཏོང་བར་བྱས། 

ཤུགས་འབབ་ས་དམ་འཛིན་དང་། གཡུལ་ས་འཛུགས་སྐྲུན་ལ་ཤུགས་བསྣན། ས་ཁུལ་བར་གྱི་འཕེལ་རྒྱས་བར་ཁྱད་ལྡན་ལྟར། ཡུལ་བབ་དང་བསྟུན་ནས་རྫོང་རིམ་པའི་ཏང་གི་སློབ་གྲྭའི་རིགས་དབྱེའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཏང་གི་སློབ་གྲྭའི་འཛུགས་སྐྲུན་མ་ལག་གཏན་ཁེལ་བྱེད་པ་དང་། རྫོང་རིམ་པའི་ཏང་གི་སློབ་གྲྭའི་སློབ་ཁྲིད་དང་། ཟ་མ་དང་མལ་ཁང་སོགས་ཀྱི་ཆ་རྐྱེན་མཐོར་འདེགས་སུ་བཏང་ནས། སློབ་སྒྲུབ་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་སུ་བཏང་། 

རྐང་ཚུགས་ས་སྲ་བརྟན་དུ་གཏོང་བ་དང་། དགེ་རྒན་གྱི་སྟོབས་ཤུགས་ཤུགས་དྲག་ཏུ་བཏང་། ཁུལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོའི་དགེ་རྒན་མཛོད་སྒྲིག་འཛུགས་འཐུས་ཚང་དུ་བཏང་བ་དང་། མགོ་ཁྲིད་ལས་བྱེད་དང་། སྔོན་ཐོན་དཔེ་ལེགས་མི་སྣ། ལག་རྩལ་རྐང་འཛིན། ས་གནས་ཀྱི་འཇོན་མི། འབྱོར་ཕྱུག་ནུས་མཁན་ཁྲོད་ནས་དགེ་རྒན་བདམས། མགོ་ཁྲིད་ལས་བྱེད་པའི་ཁྲིད་སྟེགས་སྒྲིག་སྲོལ་ལག་བསྟར་བྱེད་པ་དང་། ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་དང་། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྱིས་དགེ་རྒན་གྱི་ལས་གནས་གཅིག་ལྕོགས་སུ་ཁུར་ནས། མགོ་ཁྲིད་ལས་བྱེད་པས་དགེ་རྒན་གྱི་མཛོད་འགན་གཅིག་ལྕོགས་སུ་ཁུར། །


 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།