ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་སྔ་རྗེས་སུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་རྗེས་སུ་མགོ་འཛིན་མཛད་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་སློང་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་བྱས་ཏེ། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས།

ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་སློབ་སྦྱོར་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། ཚན་རྩལ་གསར་གཏོད་སྟོབས་ཤུགས་གཅིག་སྡུད་ཀྱིས་འཛིན་པ། ཁེ་ལས་ཆུང་འབྲིང་གསར་གཏོད་འདྲེས་སྦྱོར་ལ་སྐུལ་བའི“ལག་སྦྲེལ་འགུལ་སྐྱོད”ཟབ་མོར་སྤེལ་བ། ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ་སོགས་གཙོ་གནད་ཐོན་ལས་ཕྲེང་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགུལ་སྐྱོད་ལག་ཏུ་བསྟར་ནས། ཚན་རྩལ་གྲུབ་འབྲས་མྱུར་ཏུ་དངོས་ཡོད་ཐོན་སྐྱེད་ནུས་པར་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་ལ་སྟོབས་ཤུགས་གཅིག་སྡུད་ཀྱིས་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་ལས་འགན་ཁག་དངོས་འཛིན་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དུ་ཟབ་མོར་འདྲེས་སུ་འཇུག་པ། ཁ་གཏད་མཚོ་སྐྱོར་དང་ཤར་ནུབ་རྒྱུད་མཐུན་སྦྱོར་མཉམ་ལས་ཕྱོགས་རྣམ་ཀུན་ནས་ཟབ་མོར་སྤེལ་ཏེ། ལྗང་མདོག་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་འོས་སྦྱོར་ཚོགས་འདུའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་དགོས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྟོབས་ཤུགས་གཅིག་སྡུད་ཀྱིས་སྐུལ་འདེད་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་རྒྱ་སྐྱེད་བཏང་སྟེ། གྲོང་གསེབ་འཛུགས་སྐྲུན་བཅོས་སྐྱོང་ལ་ནན་ཏན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་ལ་སྟོབས་ཤུགས་གཅིག་ཏུ་སྡུད་པ་དང་། རིག་གནས་དང་ཡུལ་སྐོར་འདྲེས་སྦྱོར་ཟབ་མོར་སྐུལ་འདེད་བཏང་སྟེ། རྣམ་པ་གསར་པའི་རིག་གནས་ལས་རྣམ་མྱུར་ཏུ་འཕེལ་རྒྱས་སུ་གཏོང་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སྟོབས་ཤུགས་གཅིག་སྡུད་ཀྱིས་ཇེ་དྲག་ཏུ་གཏོང་བ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ། སྲིད་གཞུང་ཏང་རྩ་འཛུགས་ཀྱི་ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོ་རྩ་འཛུགས་བྱས་ནས་སྤེལ་བ། རྩིས་ཞིབ་ལྟ་རྟོག་དེ་སྒྲིག་བཤེར་ལྟ་རྟོག་ལྟ་སྐུལ་དང་སྐོར་ཞིབ་ལྟ་རྟོག་ལ་མཐུན་སྦྱོར་ཇེ་དྲག་ཏུ་བཏང་སྟེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་སྐུལ་འདེད་ཀྱི་ནུས་པ་དང་ཆུ་ཚད་ངེས་པ་དོན་གྱིས་མཐོར་འདེགས་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཟླ3པའི་ཚེས22ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཏེ། སྔོན་དཔག་བརྟན་པ་དང་གོང་འཕེལ་བརྟན་པར་དམིགས་པ་དང་། ལས་དོན་བཀོད་གཏོང་ལ་ཤུགས་སྣོན་པ། ལུས་པོ་སྒུར་ནས“ལས་བསྟར་རུ་དཔོན”ལེགས་པོ་བྱས་ཏེ། “མགོ་ལེགས་པར་རྩོམ་པ”འབད་པས་མངོན་འགྱུར་བྱེད་དགོས། སྲིད་ཇུས་རིགས་ཁག་ཚང་མ་བེད་སྤྱོད་ལེགས་པོ་བྱས་ཏེ། ཚོང་འགུག་དངུལ་འདྲེན་བྱེད་ཤུགས་ཆེར་སྐྱེད་དགོས། ལྗང་མདོག་རྩིས་ཤུགས་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ་དང་། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་པ་མྱུར་ཏུ་གསོ་སྐྱོང་དང་འཕེལ་རྒྱས་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་དགོས། ཡིད་རྟོན་དངུལ་སྐྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་དང་། མཚོ་སྔོན་ཡིད་རྟོན་དངུལ་སྡུད་སྟེགས་བུའི་ནུས་པ་བཏོན་ཏེ། དངུལ་སྡུད་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་དགོས། སྡོད་ཁང་ཐོན་ལས་སྲིད་ཇུས་འགུལ་རྣམ་ལེགས་སྒྱུར་བྱས་ཏེ། སྡོད་ཁང་ཁྲོམ་ར་བརྟན་བརླིང་བདེ་འཇགས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི2023ལོའི་རོགས་སྐྱོར་ལས་དོན་སྤྱི་སྡོམ་དང2024ལོའི་ལས་དོན་འཆར་གཞིའི་སྙན་ཞུ་དང་། ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཐོན་ལས་མཐུན་སྦྱོར་མཉམ་ལས་བྱ་བའི་སྙན་ཞུར་མཉན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཐུན་སྦྱོར་མཉམ་ལས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོར་ལག་བསྟར་ཟབ་མོ་བྱེད་པ་དང་། འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་གཞི་དངོས་འབེབས་བྱེད་པ། མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་གཏིང་ཟབ་ཏུ་བཏང་ནས། རོགས་སྐྱོར་མཉམ་ལས་སྔར་ལས་རིམ་པ་ཟབ་མོ་དང་སྔར་ལས་ཆུ་ཚད་མཐོན་པོ། སྔར་ལས་ཁྱབ་ཁོངས་ཡངས་པོ་བཅས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཡོ་བཅོས་སྐོར་གསུམ་པ་དང་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཚོགས་པ་གཞི་གཅིག་ཅན་འཕེལ་རྒྱས་ལས་དོན་ལ་ཞིབ་འཇུག་བྱས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོར་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཚན་ཆུང་ལྔ་པའི་ལས་དོན་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། སྔོན་བརྒལ་ཕན་མཐོང་སྒོས་ཡོ་བཅོས་འཛིན་པ་དང་རྩ་ལག་མཉམ་བཅོས་ཀྱིས་ཡོ་བཅོས་འཛིན་པ། འགན་འཁྲི་ནན་འཛིན་སྒོས་ཡོ་བཅོས་འཛིན་པ་བཅས་བྱས་ནས། ལྟ་ཞིབ་ཕྱིར་ལན་གནད་དོན་ཡོ་བཅོས་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་ལེན་དགོས། “བསམ་ཇུས་གཅིག”གི་བསམ་བློ་བརྟན་པོར་འཛུགས་པ་དང་། “གཞི་གཅིག་ཅན”གྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། “སྤུས་ཚད་མཐོ་བའི”བརྗོད་གཞི་ལ་དམིགས་པ། “ལེགས་ཆའི”བརྒྱུད་ལམ་ཡང་དག་པར་འཚོལ་བ། “ལས་གཞི་ཅན”གྱི་བྱེད་ཐབས་ཇེ་དྲག་ཏུ་བཏང་སྟེ། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཚོགས་པ་དེ་ཞིང་ཆེན་ཡོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འདེགས་པའི་སྲོག་ཤིང་འཕེལ་མཐར་འགྱུར་བར་འབད་པས་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་ལའང་ཞིབ་འཇུག་བྱས། ། 


 
རྩོམ་སྒྲིག་པ། : གསང་བདག་རྒྱལ།