ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་བོད་མཐོ་སྒང་གི་རླངས་གསོག་མཛོད་ཁང་ཐོག་མ་སྐྲུན་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས1ཉིན་ཀྲུང་གོ་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་སི་ནས་གནས་ཚུལ་སྤེལ་བ་ལྟར་ན།  མཚོ་བོད་མཐོ་སྒང་གི་རླངས་གསོག་མཛོད་ཁང་ཐོག་མ་སྟེ་མ་པེ་རླངས་གསོག་མཛོད་ཁང་གི་ས་འོག་གསོར་འབིགས་རྩད་ཞིབ་དང་། ས་ངོས་འཛུགས་སྐྲུན། དེ་མིན་གྱི་འབྲེལ་ཡོད་མ་ལག་ཚང་བའི་བཟོ་གྲྭ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ཁྱོན་ཡོངས་ནས་ལས་མགོ་ཚུགས་ཤིང་། རྣམ་གྲངས་ཀྱི་ཕྱོགས་བསྡུས་དོ་དམ་ཚོད་འཛིན་འཁོར་སྐྱོད་བྱ་བའང་དུས་གཅིག་ཏུ་སྒྲུབ་མགོ་བརྩམས།  

མཚོ་སྔོན་སྣུམ་ཞིང་ནི་རང་རྒྱལ་གྱི་རླུང་ཁམས་ཆེན་མོ་ཁུལ་བཞིའི་གྲས་ཤིག་ཡིན་པ་དང་དེ་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་བོད་འབྲེལ་ས་ཁུལ་དུ་ཡོད་ཅིང་ཉེ་འཁོར་གྱི་འཛད་སྤྱོད་པས་རང་བྱུང་སོལ་རླངས་ཀྱི་དགོས་མཁོའི་ཐད་དུས་ཚིགས་རང་བཞིན་གྱི་འགྱུར་ལྡོག་ཅུང་ཙམ་ཆེ།   རང་བྱུང་སོལ་རླངས་གསོག་མཛོད་ཁང་འཛུགས་སྐྲུན་ཐད་དབྱར་དུས་དང་སྟོན་དུས་སུ་རང་བྱུང་སོལ་རླངས་ཀྱི་ཁྲོམ་རའི་དགོས་མཁོ་ཇེ་ཆུང་དུ་གྱུར་བའི་སྐབས་སྔོག་འདོན་བྱས་པའི་རང་བྱུང་སོལ་རླངས་ས་འོག་ཏུ་བླུགས་ནས་ཉར་ཚགས་བྱས་པ་དེ་དགུན་དུས་དང་དཔྱིད་དུས་སུ་རང་བྱུང་སོལ་རླངས་ཀྱི་དགོས་མཁོ་ཇེ་ཆེར་འགྱུར་བའི་སྐབས་སུ་སླར་ཡང་སྔོག་འདོན་བྱས་ནས་ཁྲོམ་རར་མཁོ་སྤྲོད་བྱེད་ཀྱིན་ཡོད་པས། དེ་ནི་རང་བྱུང་སོལ་རླངས་ཐོན་སྐྱེད་དང་དགོས་མཁོའི་དུས་ཚོད་དང་བར་སྟོང་གི་འགལ་བ་ཐག་གཅོད་པའི་ཚན་རིག་དང་མཐུན་པའི་ནུས་ལྡན་གྱི་བྱ་ཐབས་ཤིག་རེད། 

རྒྱལ་ཁབ་དང་ཀྲུང་གོ་རྡོ་སྣུམ་གྱི་སྤྱིའི་བཀོད་སྒྲིག་ལྟར་མ་པེ་རླངས་གསོག་མཛོད་ཁང་ནི་རྒྱལ་ཡོངས་ཀྱི་བྱང་ཤར་དང་ཧྭ་བྱང་། ནུབ་བྱང་། ལྷོ་ནུབ། དབུས་ནུབ་རྒྱུད། དབུས་ཤར་རྒྱུད་བཅས་ཀྱི་རླངས་གསོག་སྙོམས་སྒྲིག་ལྟེ་གནས་ཆེན་པོ་དྲུག་གི་སྐྱེ་ལྡན་གྲུབ་ཆ་ཞིག་ཡིན་ལ།  རང་བྱུང་སོལ་རླངས་འདིའི་འབྱུང་ཁུངས་ནི་སེ་པེ་སོགས་རླངས་ཞིང་གཙོ་བོའི་མཚོ་སྔོན་སྣུམ་ཞིང་ནས་ཐོན་པ་དང་། ཇུས་འགོད་ལས་དོན་ལས་རླངས་སྣུམ་གྱི་འདུས་ཚད་ནི་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2.61ཡས་མས་རེད།  འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་མཚོ་སྔོན་དང་བོད་ལྗོངས། ཀན་སུའུ། ཉིང་ཞི་བཅས་ཞིང་ཆེན་བཞི་ལ་རང་བྱུང་སོལ་རླངས་མཁོ་སྤྲོད་བྱེད་ཚད་མང་ཤོས་དང་། འཕྲལ་བསྟུན་རང་བྱུང་སོལ་རླངས་མཁོ་འདྲེས། མཚོ་སྔོན་རླངས་ཁུལ་གྱི་ཐོན་སྐྱེད་གཏན་འཇགས་ངང་ཐོན་སྐྱེད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཐུབ་པས་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན།  ཉིན་དེར་མ་པེ་ཁྲོན་ཁུལ8པའིMBK2ཡི་ཁྲོན་པ་ཐོག་མ་དེའི་རིང་ཚད་ལ་སྨི1577ཟིན་རྗེས་ཁྲོན་པ་བརྟན་པོར་བཟོ་བ་སོགས་ཀྱི་དུས་རིམ་དུ་སླེབས་ཏེ།  མ་པེ་རླངས་གསོག་མཛོད་ཁང་ལ་ཁྲོན་པ་གསར་བ14ཇུས་འགོད་བྱས་ནས་བརྐོ་བ་དང་། ལྟ་ཞིབ་ཚད་ལེན་བྱེད་པའི་ཁྲོན་པའི་གསོར་འབིགས་རྩད་ཞིབ། ཁྲོན་པ་རྙིང་པ་མང་པོ་བེད་སྤྱོད་གཏོང་བ་བཅས་ཀྱི་ཐད་ཉམས་མྱོང་རྩ་ཆེན་བསགས་ཡོད།

     རྒྱུས་ལོན་བྱུང་པ་ལྟར་ན།  ལི་ཀྱུའུ་ཡི“མ་པེ་ནས་ནན་པ་ཞན”དང་།“སེ་པེ་ནས་ནན་པ་ཞན། དེ་ནས་ཏུན་ཧོང་བར”གྱི་མདོང་ལམ་ཕྱོགས་གཉིས་ནས་རླངས་འདྲེན་པའི་རྨང་གཞིའི་ཐོག་སྔོན་དཔག་བྱས་ན།  ཟླ8པའི་ཟླ་སྨད་དུ་མ་པེ་རླངས་གསོག་མཛོད་ཁང་དུ་གཅིག་སྡུད་མཆན་འགྲེལ་ས་ཚིགས1དང་། ཁྲོན་པའི་ར་བ5 ཕྱོགས་གཉིས་ཀྱི་རླངས་གསོག་མ་ལམ་སྨི8000ཅན་བཅས་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྒྱུ་རེད།  དུས་མཚུངས་སུ་འོད་ཤུགས་གློག་ཁང1དང་ཚ་ཁུངས་ས་ཚིགས1འགྲུབ་རྒྱུ་ཡིན་པ་མ་ཟད་ལེ་ལག་ཚང་བའི་རམ་འདེགས་མ་ལག་ཡང་བསྐྲུན་རྒྱུ་རེད། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།