ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི​་མི་ཁྲི6.9ལྷག2024ལོའི་ཞིང་ཆེན་ཡོངས་ཀྱི་དོན་གཉེར་ལས་ཁུངས་ཀྱི་གདན་ཞུའི་ཡིག་རྒྱུགས་ནང་ཞུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས30ཉིན། 2024ལོར་ཞིང་ཆེན་ཡོངས་ཀྱི་དོན་གཉེར་ལས་ཁུངས་ཀྱི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་པའི་ཡོངས་བསྒྲགས་གདན་ཞུའི་ཡིག་རྒྱུགས་དེ་ཞིང་ཆེན་ཐད་གཏོགས་དང་གྲོང་ཁྱེར། ཁུལ་བཅས8ཀྱི་རྒྱུགས་ར2323ལ་དུས་གཅིག་ཏུ་སྤེལ་བ་དང་། ཐེངས་འདིའི་ཡོངས་བསྒྲགས་གདན་ཞུའི་ཡིག་རྒྱུགས་ནང་གདན་ཞུའི་ལས་གནས1037བཀོད་སྒྲིག་བྱས་པ་དང་། མི་ཁྲི6.9ལྷག་ཡིག་རྒྱུགས་ནང་ཞུགས་ཡོད།

2024ལོར་ཞིང་ཆེན་ཡོངས་ཀྱི་དོན་གཉེར་ལས་ཁུངས་ཀྱི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་པའི་ཡོངས་བསྒྲགས་གདན་ཞུའི་ཡིག་རྒྱུགས་ལས་དོན་བདེ་བླག་ངང་སྤེལ་བར་འགན་ལེན་བྱ་ཆེད། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཡིག་རྒྱུགས་ལས་དོན་རྩ་འཛུགས་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། ཡིག་རྒྱུགས་མ་སྤེལ་གོང་དང་ཡིག་རྒྱུགས་སྤེལ་རྗེས་ཀྱི་གསང་སྲུང་དོ་དམ་གྱི་གཏན་འབེབས་དོན་འཁྱོལ་ནན་མོ་བྱས་པ་དང་ཡིག་རྒྱུགས་ཀྱི་བདེ་འཇགས་འགན་ལེན་བྱས། རྒྱུགས་ཤོག་སྤྲོད་སྐབས་ཡིག་རྒྱུགས་ལས་དོན་མི་སྣ་དང་སྐོར་སྐྱོད་རྒྱུགས་སྤྲོད་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་ལྟ་སྐུལ་བྱས་ནས་རྒྱུགས་ཤོག་གི་བདེ་འཇགས་དོ་དམ་ལ་ཐོག་མཐའ་བར་གསུམ་དུ་འགན་སྲུང་བྱས་པ་དང་། སློབ་གསོ་དང་སྤྱི་བདེ། འཕྲོད་བསྟེན་བདེ་ཐང་། སྐུད་མེད་གློག་འཕྲིན་གྱི་དོ་དམ་སོགས་སྡེ་ཁག་དང་གཞོགས་འདེགས་དམ་ཟབ་བྱས་ནས་རྒྱུགས་རའི་འགན་ལེན་དང་འགྲིམ་འགྲུལ་ཁྲིད་སྟོན། འཕྲིན་གཏོང་བཀག་འགོག སྨན་བཅོས་འགན་ལེན་སོགས་ཀྱི་ལས་དོན་མཐུན་སྦྱོར་ངང་ལེགས་པོ་བསྒྲུབས་ཏེ་ཞིང་ཆེན་ཡོངས་ཀྱི་རྒྱུགས་ཁུལ9ཡི་མི7500ལྷག་གི་ཡིག་རྒྱུགས་ལས་དོན་རྩ་འཛུགས་ལས་དོན་ནང་ཞུགས་ཡོད། ཡིག་རྒྱུགས་མ་སྤེལ་གོང་དང་ཡིག་རྒྱུགས་སྤེལ་བའི་སྐབས། ཡིག་རྒྱུགས་སྤེལ་རྗེས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་གོ་རིམ་སོ་སོར་དམ་པོར་དམིགས་ནས་བྱ་བའི་བརྒྱུད་རིམ་ནན་ཏན་སྒོས་སྒྲུབ་པ་དང་། བྱ་བའི་སྒྲིག་ལམ་ནན་མོ་སྲུང་བ། མངོན་མེད་རྐྱེན་ངན་གྱི་སྐྱོན་ཆ་འགོག་པ་བཅས་བྱས་ཏེ་ཡིག་རྒྱུགས་ལས་དོན་གྱི་ཞབས་ཞུ་འགན་ལེན་གནད་ལ་འཁེལ་བའི་འགན་ལེན་བྱེད་པར་སྐུལ་འདེད་བྱས།

སྔོན་དཔག་ལྟར་ན་ཡིག་རྒྱུགས་ཀྱི་སྐར་གྲངས་ཟླ4པའི་ཟླ་མཇུག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་དང་། ཟླ5པའི་ཟླ་མཇུག་གོང་ངོ་རྒྱུགས་ལས་དོན་ལེགས་འགྲུབ་བྱ་རྒྱུ་ཡོན་པ་དང་དུས་མཚུངས་སུ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སློབ་གསོ་དང་འཕྲོད་བསྟེན་བདེ་ཐང་སོགས་ལས་རིགས་གཙོ་གཉེར་སྡེ་ཁག་ལ་མཛུབ་ཁྲིད་དང་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་མི་སྣ་ཡོངས་བསྒྲགས་ངང་གདན་ཞུ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཟླ7པའི་ཟླ་མཇུག་གོང་ལོ་འཁོར་གྱི་དོན་གཉེར་ལས་ཁུངས་ཀྱི་ཡོངས་བསྒྲགས་གདན་ཞུའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱ་རྒྱུ་རེད།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།