ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞུང་ལུགས་ལས་དོན་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་གཞུང་ལུགས་ལས་དོན་ཚོགས་འདུ་བསྡུས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཁྱད་པར་དུ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་ཚོགས་འདུའི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་པ། བསམ་བློ་གཅིག་གྱུར་དང་བྱ་བ་སྤྱི་སྡོམ་བྱས་པ། གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གཞུང་ལུགས་ལས་དོན་སྤུས་འདེགས་ཕན་སྐྱེད་དང་ཆུ་ཚད་མཐོར་འདེགས་སྐས་རིམ་འཕར་བར་སྐུལ་འདེད་བཏང་།

ཚོགས་ཐོག་ནས། གཞུང་ལུགས་ལས་དོན་ནི་བསམ་བློ་རིག་གནས་དྲིལ་སྒྲོག་ལས་དོན་གྱི་གྲུབ་ཆ་གཙོ་བོ་ཡིན་པས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་ཐོག་མ་འདིར་དམིགས་དགོས་ཞེས་ནན་གྱིས་བསྟན། ཚོགས་ཐོག་ནས། གཞུང་ལུགས་ལས་དོན་ཀྱིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱེད་པ་དང་། སློབ་སྦྱོང་སློབ་གསོ“ནང་སྒྱུར”དང“གཞན་སྒྱུར”འབུར་དུ་དོད་པ། ཞིབ་འཇུག་འགྲེལ་བཤད་ལ་མ་ལག་ཅན་དང་གཞུང་ལུགས་ཅན་འབུར་དུ་དོད་པ། དྲིལ་སྒྲོག་སྒྲོག་འགྲེལ་ལ་གོ་སླ་ཅན་དང་མང་ཚོགས་ཅན་འབུར་དུ་དོད་པ། གཡུལ་ས་འཛུགས་སྐྲུན་ལ་དོ་དམ་བྱེད་ཐུབ་པ་དང་བེད་ལེགས་པོ་སྤྱོད་པ་འབུར་དུ་དོད་པ། རུ་ཁག་འཛུགས་སྐྲུན་ལ་ལེགས་འདེམ་སྟོབས་ལྡན་འཛུགས་པ་འབུར་དུ་དོད་པ། ལས་དོན་ལམ་སྲོལ་ལ་ལེགས་སྒྱུར་འཐུས་ཚང་འབུར་དུ་དོད་པ། དར་སྒྲེང་ཕྱོགས་ངེས་དང་རྩ་བརྟན་ཁུངས་གཙང་། བདེན་སྲུང་གསར་གཏོད་སྒོས། ཞིང་ཆེན་ཡོངས་ཀྱི་ལས་བྱེད་མང་ཚོགས་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློའི་རྨང་གཞི་མུ་མཐུད་དུ་སྲ་བརྟན་དུ་བཏང་སྟེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་ལེའུ་ལ་སྟོབས་དང་ལྡན་པའི་བསམ་བློ་གཞུང་ལུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།