ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་མགྱོགས་མྱུར་ངང་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས16ཉིན། ཟི་ལིང་གྲོང་ཁྱེར་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭ་བཞི་པས་དབྱེ་འབྱེད་བྱས་པའི་འདམ་རྫབ་ཏུན16.42འབྲེལ་ཡོད་ཁེ་ལས་ལ་དབོར་འདྲེན་བྱས་ཏེ་གནོད་མེད་ཅན་དང་ཐོན་ཁུངས་ཅན་དུ་ཐག་གཅོད་བྱས་པ་དེ།  མཚོ་སྔོན་ཞིང་ཆེན་གྱིས་དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས་བཙོག་འབུད་སྡེ་ཁག་གིས་ལག་ཁྱེར་འཁྱེར་ཏེ་བཙོག་འབུད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་ཕན་འབྲས་ལེགས་པོ་ཐོབ་པའི་ལས་དོན་ཞིག་ཏུ་གྱུར།  

2023ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་བཅོས་སྒྱུར་གསར་གཏོད་གཏིང་ཟབ་བྱས་ནས་དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་མགྱོགས་མྱུར་ངང་བསྐྲུན་པར་སྐུལ་འདེད་བཏང་། སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེའི་དོ་དམ་ཚོད་འཛིན་གྲུབ་འབྲས་ཀྱི་འགུལ་རྣམ་གསར་སྒྱུར་ལེགས་སྒྲུབ་དང་། གྲུབ་འབྲས་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ། བཙོག་འབུད་ཆོག་འཐུས་ལག་ཁྱེར་དང་ལག་བསྟར་སྙན་ཞུའི་སྤུས་ཚད་དོ་དམ་ལ་ཤུགས་བསྣན་པ།  བཙོག་འབུད་སྡེ་ཚན་གྱིས་ལག་ཁྱེར་བཟུང་ནས་བཙོག་འབུད་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།   རྒྱལ་ཡོངས་སུ་སྒྲིག་བཤེར་ལྟ་ཞིབ་ལྟ་སྐུལ་དང་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་སྦྲེལ་མཐུད་ཀྱི་མཐུན་སྦྱོར་ལམ་སྲོལ་ཐོག་མར་བཙུགས་པ་དང་། གནད་དོན་གྱི་ཁུངས་སྣེ12སྐྱེལ་སྤྲོད་བྱས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད“ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བའི་སྐྱིན་ཚབ་དང་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཁྱབ་ཁོངས་ཀྱི་དཔེ་མཚོན་ཉེན་བརྡའི་དཔེ་མཚོན་ཁག10མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་སོགས་སྡེ་ཁག་བཞིས་མཉམ་འགོག་མཉམ་བཅོས་ཀྱི་ཆེད་དོན་མཉམ་ལས་བྱ་སྤྱོད་འཆར་གཞི་སོགས་ལ་མཉམ་དུ་མིང་རྟགས་བཀོད་དེ་མདོ་ལ་རིང་མོའི་ས་ཁོངས་དང་རྨ་ཆུའི་སྟོད་རྒྱུད་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ས་ཁོངས་བརྒལ་ནས་མཉམ་འབྲེལ་ཐོག་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་བྱེད་ཤུགས་ཇེ་ཆེར་བཏང་།

དེ་དང་ཆབས་ཅིག བཙོག་འབུད་དབང་ཆ་རིན་དོད་ཡོད་པའི་ངང་སྤྱོད་པའི་ཉོ་ཚོང་ལ་རྒྱུན་རྣམ་ཅན་གྱིས་སྐུལ་འདེད་བཏང་པ་དང་།  ཁེ་ལས52ཀྱིས་འགྲན་ཉོ་དང་ཡང་ན་གྲོས་མཐུན་གྱི་བྱེད་ཐབས་བརྒྱུད་དེ་བཙོག་དངོས་གཙོ་བོའི་བཙོག་འབུད་དབང་ཆའི་དམིགས་ཚད་ཐོབ། རྨ་ཆུའི་འབབ་རྒྱུད་ཀྱི་ལོ་རྒྱུས་ཤུལ་བཞག་གཏེར་རིའི་སྐྱེ་ཁམས་གཏོར་སྐྱོན་དང་སྦགས་བཙོག་གི་གནས་ཚུལ་ལ་བརྟག་དཔྱད་དང་གདེང་འཇོག་བྱ་རྒྱུ་རྩ་འཛུགས་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་བསྡོམས་རྩིས་དང་། ཁེ་ལས་ཀྱི་ཁོར་ཡུག་ཡིད་རྟོན་གདེང་འཇོག ཁེ་ལས་ཀྱི་ཁོར་ཡུག་ཆ་འཕྲིན་ཁྲིམས་ལྟར་ཁྱབ་བསྒྲགས་བཅས་བྱེད་པའི་ལས་ཀར་འཕེལ་རྒྱས་གསར་པ་བྱུང་ཡོད། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་ཁ་ཐོར་རྣམ་པའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་གི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་བཀོལ་སྤྱོད་དཔེ་སྟོན་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་གི་ཡོང་ཁུངས་ལ་དབྱེ་ཞིབ་དང་ཁྱབ་འགྱེད་ཀྱི་ཁུངས་འདེད་ལ་ལད་ཟློས་ཞིབ་འཇུག་བྱས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་འབྲེལ་ཐོག“གྲོང་ཁྱེར་གཅིག་ལ་ཐབས་ཇུས་གཅིག”གི་བཅའ་སྡོད་ཚན་རྩལ་རོགས་སྐྱོར་ལས་དོན་སྤེལ་མགོ་འཛུགས་དགོས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་དང་བྱ་དགའ་དོན་འཁྱོལ་བྱས་ནས་ཐེར་འདོན་བྱས་པའི་གནས་ཚུལ་ཁག12ཀྱི་དོན་དངོས་དང་མཐུན་པའི་མི་སྣར་བྱ་དགའ་སྒོར་ཁྲི2.9སྤྲད། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།