ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཞུང་ལུགས་སྒྲོག་འགྲེལ་གྱི་ལས་དོན་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས《2024ལོའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་ལས་དོན་ཡག་པོ་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར》(གཤམ་དུ《བརྡ་སྦྱོར》ཞེས་བསྡུ་རྒྱུ་ཡིན)དཔར་འགྲེམ་བྱས་པ་དང་། ད་ལོའི་ཞིང་ཆེན་ཡོངས་ཀྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་ཡག་པོ་བསྒྲུབ་པའི་ཐད་བཀོད་སྒྲིག་གསལ་བོ་བྱས་ཤིང་།  རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་ཆེད་དོན་གཙོ་བོ46གཏན་འཁེལ་བྱས་ཏེ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་ནང་དོན་གཙོ་བོ་སྔར་བས་གསལ་བོ་བྱས།  

《བརྡ་སྦྱོར》ནང་དུ2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ75འཁོར་བའི་ལོ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་དམིགས་འབེན་གྱི་ལས་འགན་མངོན་འགྱུར་བྱུང་བའི་གནད་འགག་གི་ལོ་ཞིག་ཡིན་པ་དང་། ཞི་ཅིན་ཕིང་གི་རིག་གནས་བསམ་བློ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན་པས། ཞིང་ཆེན་ཡོངས་ཀྱི་གཞུང་ལུགས་དྲིལ་སྒྲོག་སློབ་གསོའི་ལས་དོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་མཐར་ཕྱིན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས། ཞི་ཅིན་ཕིང་གི་རིག་གནས་བསམ་བློ་དྲིལ་སྒྲོག་གཏིང་ཟབ་བྱེད་པ་དང་ཞི་ཅིན་ཕིང་གི་དཔལ་འབྱོར་བསམ་བློ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སོགས་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་རྒྱུན་མཐུད་ངང་དྲིལ་སྒྲོག་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་འགངས་ཆེན་ལ་གཞིར་བཟུང་ནས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན། དེ་མིན་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གསར་གཏོད་གཞུང་ལུགས་དང་དམངས་ཕན་སྲིད་ཇུས་ལ་གཞིར་བཟུང་བ། ཞིང་ཆེན་ཏང་ཨུའི་ལྟེ་བའི་བྱ་བ་དང་བཀོད་སྒྲིག་བླང་བྱ་ལ་གཞིར་བཟུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་གྱི་བླང་བྱ་གལ་ཆེན་སྒྲོག་འགྲེལ་གཏིང་ཟབ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་མཚོ་སྔོན་ནས་ལག་བསྟར་བྱས་པའི་གཡུར་ཟའི་གྲུབ་འབྲས་སྒྲོག་འགྲེལ་བྱས་པ་དང་། ཞིང་ཆེན་ཏང་ཨུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་དང་གྲུབ་འབྲས་གསར་བ་སྒྲོག་འགྲེལ་བྱས་ཞེས་ནན་གྱིས་བསྟན། 

   《བརྡ་སྦྱོར》ནང་ད་དུང་།  ཞིང་ཆེན་ཡོངས་ཀྱི་ལོ་ཧྲིལ་པོའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་ཐད་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་ནས་ཕྱོགས་སོ་སོའི་སྟོབས་ཤུགས་མཉམ་དུ་ཞུགས་པའི་སྒྲོག་འགྲེལ་ཆེ་མོའི་ལས་ཀའི་རྣམ་པ་ཧུར་ཐག་གིས་གཏོད་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱ་ཐབས་ལ་བརྟེན་ནས་ཚོགས་བགོས་ཅན་དང་མཉམ་འགུལ་ཅན་གྱི་སྒྲོག་འགྲེལ་བྱེད་པ། གཞི་རིམ་དུ་ཡུན་རིང་གཞི་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་སྦྱང་རྐང་འཛིན་པ་ཁག་ཅིག་ཧུར་ཐག་གིས་གསོ་སྐྱོང་བྱ་དགོས་ལ། སྔོན་ཐོན་དཔེ་མཚོན་ཧུར་ཐག་གིས་འདེམས་པ་དང་། དྲིལ་སྒྲོག་རྒྱ་ཆེར་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་ལེགས་པོ་རྒྱུན་མཐུད་ངང་བསྐྲུན་དགོས་པའི་བླང་བྱ་བཏོན། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།