ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་གནང་སྟེ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ཆེད་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། ལག་བསྟར་དངོས་འབེབས་བསམ་འཆར་ལ་ཞིབ་འཇུག་བྱས།

ཚོགས་ཐོག་ནས། རྒྱལ་དམངས་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་དམངས་གཙོ་མནའ་མཐུན། ཀྲུང་གོའི་དམངས་གཙོ་རྒྱལ་འཛུགས་ཚོགས་པ། ཀྲུང་གོའི་བཟོ་ཞིང་དམངས་གཙོ་ཏང་། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་བློ་མཐུན་བཅས་ཀྱི་རང་གི་ལས་དོན་དངོས་དང་ཟུང་འབྲེལ་སྒོས་བརྗེ་རེས་གཏམ་བཤད་སྤེལ། ཚང་མས་ཀྲུང་གུང་ཀྲུང་དབྱང་གིས་གཏན་ཕབ་ཕྱིར་བཏོན་མཛད་པའི་ཡིག་ཆ་གལ་ཆེན་གྱིས་དུས་རབས་གསར་པའི་ཏང་མང་མཉམ་ལས་བྱ་གཞག་འཕེལ་རྒྱས་ལ་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་པར་འདོད། ཚང་མས་ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། རང་སྟེང་འཛུགས་སྐྱོང་ཆུ་ཚད་མཐོར་འདེགས་པར་འབད་པ། ཏང་ཁག་གི་ཡོན་ཏན་དང་ཆེ་ཕྱོགས་ལ་ཞབས་ཞུ་སྒྲུབ་པའི་དགོས་མཁོ་ཟུང་འབྲེལ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་རོགས་སྐུལ་བྱེད་དགོས་པའི་བསམ་ཚུལ་བསྟན།

ཚོགས་ཐོག་ནས། མི་དམངས་སྲིད་གྲོས་ཀྱི་བྱ་སྤྱོད་ལག་བསྟར་ནི་རྣམ་པ་གསར་པའི་སྲིད་ཏང་ལམ་ལུགས་ཀྱི་ཆབ་སྲིད་རྣམ་པ་དང་རྩ་འཛུགས་རྣམ་པ་གལ་ཆེན་ཞིག་ཡིན་པ་དང་། དུས་རབས་གསར་པའི་ཏང་མང་མཉམ་ལས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གཞན་གྱིས་བསྒྲུབ་མི་ཐུབ་པའི་ནུས་པ་གལ་ཆེན་བཏོན་ཡོད་པས། ལས་སྒྲུབ་ལྟེ་བའི་གོ་རིམ་ཁོང་དུ་བརྟན་པོར་ཆུད་པ་དང་། བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་བློ་བརྟན་འགྱུར་མེད་སྒོས་ཤུགས་བསྣན་ནས། ཏང་མང་མཉམ་ལས་ཀྱི་བསམ་བློ་ཆབ་སྲིད་རྨང་གཞི་མུ་མཐུད་དུ་སྲ་བརྟན་དུ་གཏོང་དགོས། ལས་དོན་ལམ་སྲོལ་འཐུས་ཚང་ལེགས་བཅོས་གཏོང་བ་དང་། དམངས་གཙོ་ཏང་ཁག་སོ་སོས་མི་དམངས་སྲིད་གྲོས་ཀྱི་སྔར་ལས་ལྷག་པར་ལས་སྒྲུབ་འགན་ནུས་དང་ནུས་པ་འདོན་པར་རྒྱབ་སྐྱོར་བྱས་ཏེ། ཏང་མང་མཉམ་ལས་ཡང་བསྐྱར་མཐོར་འདེགས་དང་སྐས་རིམ་གསར་པར་བསྐྱོད་པར་སྐུལ་འདེད་གཏོང་དགོས། རྒྱུན་རྣམ་རང་བཞིན་གྱི་འབྲེལ་གཏུག་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། དམངས་གཙོ་ཏང་ཁག་སོ་སོའི་སྲིད་ཞུགས་སྲིད་གླེང་གི་ནུས་པ་མཐོར་འདེགས་པར་རོགས་རམ་བྱས་ཏེ། སྲིད་ཞུགས་ཏང་གི་འགན་ནུས་སྔར་ལས་ལྷག་པར་འདོན་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་རིན་ཆེན་རྣམ་རྒྱལ་དང་ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། ལི་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་དབྱི། མ་ཡུའེ་ཞང་། ཞེ་པའོ་ཨེན་བཅས་གྲོས་ཚོགས་ལ་ཞུགས། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།