ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཞའོ་ཅུན་རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་སའི་གཙོ་གནད་ལས་གཞི་སྐུལ་འདེད་ཚོགས་འདུར་ཞུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་སའི་གཙོ་གནད་ལས་གཞི་སྐུལ་འདེད་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་ཟབ་མོ་བྱེད་པ་དང་། “ལས་གཞི་ཤུགས་ཆེར་འཛིན་པ་དང་ལས་གཞི་ཆེན་མོ་འཛིན་པའི”ཕྱོགས་སྟོན་གསལ་པོ་བརྟན་པོར་འཛུགས་པ། ཡིད་ཆེས་བརྟན་པ་དང་གསར་གཏོད་རྒྱ་སྐྱེད་བྱེད་པ། འཆར་འགོད་དང་སྲིད་ཇུས། རྟེན་གཞི། ལས་གཞི། ཁེ་ལས་བཅས“གནས་ལྔ་གཞི་གཅིག”འཛུགས་པའི་སྐུལ་འདེད་གནས་སྟངས་ལ་དམིགས་ཤིང་། གཙོ་གནད་ལས་གཞི་མཐོར་འདེགས་ཆེན་མོར་བརྟེན་ནས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་སྤུས་འདེགས་ནུས་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་གྱིས། གཙོ་གནད་བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་ལེགས་པར་འཛིན་པ་ནི་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་བསྐྲུན་པའི་གནད་འགག་ཅིག་ཡིན་པས། སྔར་ལས་ལྷག་པར་སྔོན་སྐྱོད་སྔོན་འཛིན་བྱེད་པ་དང་། རྟེན་གཞི་འཛུགས་སྐྲུན་གཙོ་གནད་དུ་འཛིན་པ་དང་ཆུ་གློག་དང་འཐེན་གསོག་ཆེན་མོ་འདེགས་སྐྱོར་དང་གསོག་ནུས་སྣ་མང་དཔེ་སྟོན་ཡིན་པའི་ནུས་ཁུངས་གཙང་མའི་ལས་གཞི་གནས་སྟངས་བསྐྲུན་པར་དམིགས་པ། གློག་ཁུངས་སྒྲིག་གཞི་སྔར་ལས་ལུགས་མཐུན་དུ་འཕེལ་བར་ངེས་པ་དོན་གྱིས་སྐུལ་འདེད་གཏོང་བ། དྲ་ཁུངས་དུས་རིམ་ཕན་ནུས་ལྡན་པར་སྦྲེལ་མཐུད་བྱེད་པ། ཐོན་སྐྱེད་དང་འཛད་སྤྱོད་འགལ་བ་ཐོག་མར་ཇེ་ཞན་དུ་གཏོང་བ། ནུས་གསོག་ཁྲོམ་ར་འཕེལ་རྒྱས་ལེགས་པོ་འབྱུང་བ། ལྗང་མདོག་གློག་གི་རིན་ཐང་ཕན་ནུས་ལྡན་པར་མཐོར་བཏེགས་ཏེ། ནུས་ཁུངས་མཁོ་སྤྲོད་རིན་བརྟན་ཐོན་བརྟན་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན།

ཝུའུ་ཞའོ་ཅུན་གྱིས། གློག་ཁུངས་ཕན་ནུས་གསབ་རེས་ལ་དམིགས་པ་དང་། རླུང་གློག་འོད་ནུས་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་སྤྱི་འདོམས་བྱེད་པ། རྨང་གཞིའི་གློག་ཁུངས་སྒྲིག་གཞི་ལེགས་སྒྱུར་བྱེད་པ། སོལ་གློག་སྒྲིག་སྦྱོར་གློག་ཁུངས་ཇེ་དྲག་ཏུ་གཏོང་བ། བྱེད་ཐབས་སྣ་མང་སྤྱད་ནས་གློག་ཤུགས་མཁོ་སྤྲོད་ཇེ་དྲག་ཏུ་གཏོང་དགོས། གློག་དྲ་ཕན་ཚུན་འབྲེལ་མཐུད་ལ་དམིགས་པ་དང་། རྐང་འཛིན་དྲ་བའི་སྒྲོམ་གཞི་སྟོབས་ལྡན་འཛུགས་པ། ཕྱིར་སྐྱེལ་ནུས་པ་མཐོར་འདེགས་པ། གློག་དྲའི་ཁེབས་རྒྱ་འཐུས་ཚང་བཙུགས་ནས། རོང་འབྲོག་ཁུལ་གྱི་གློག་དྲ་སྲ་བརྟན་མཐོར་འདེགས་བཟོ་སྐྲུན་ལག་བསྟར་ཟབ་མོ་བྱེད་དགོས། གློག་ཁུར་སྙོམ་སྒྲིག་ཇེ་དྲག་ཏུ་གཏོང་བར་དམིགས་པ་དང་། གློག་ཁུངས་ཀྱིས་གློག་ཁུར་ཁྲིད་པ་དང་གློག་ཁུར་གྱིས་གློག་ཁུངས་ལ་གསབ་པ་རྒྱུན་འཁྱོངས་བྱེད་པ། ཐོན་ལས་འདུས་ཚོགས་ལེགས་སྒྱུར་གསོ་སྐྱོང་བྱེད་པ། ལྗང་མདོག་རྩིས་ཤུགས་ཚོང་རྟགས་སྐྲུན་པ། ལྗང་མདོག་གློག་གི་རིན་ཐང་ཕུན་སུམ་ཚོགས་པར་བཏོན་ནས། ཁྲོམ་ར་ཅན་གྱི་རྣམ་པས་ཐེག་རྩོལ་སྲོལ་རྒྱུན་གྱི་སྲ་གཤིས་དང་འཛད་སྤྱོད་ཁོ་ནའི་རྣམ་པ་ཅན་ནས་མཉེན་གཤིས་དང་ཐོན་སྐྱེད་དང་འཛད་སྤྱོད་ཟུང་ལྡན་གྱི་རྣམ་པར་བརྗེ་སྒྱུར་ལ་སྣེ་ཁྲིད་བྱེད་དགོས། ནུས་གསོག་སྣ་མང་གསར་གཏོད་ལ་དམིགས་པ་དང་། རྣམ་པ་གསར་པའི་ནུས་གསོག་འཛུགས་སྐྲུན་དངོས་འཛིན་དམ་འཛིན་བྱེད་པ། ཆུ་འཐེན་ནུས་གསོག་ལས་གཞི་མྱུར་ཏུ་འཛུགས་སྐྲུན་བྱས་ཏེ། གློག་འགྱུར་རིག་པའི་ནུས་གསོག་གཙོ་བོ་ཡིན་པ་དང་རྣམ་པ་གསར་པའི་ནུས་གསོག་ཕལ་བ་ཡིན་པའི་སྣ་མང་གསབ་རེས་ནུས་གསོག་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། ཞབས་ཞུ་འགན་ལེན་ལེགས་པར་སྒྲུབ་པར་དམིགས་པ་དང་། སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་པ། སྲིད་ཇུས་ཀྱི་མཐུན་སྦྱོར་ཕན་ཤུགས་སྔར་ལས་ལྷག་པར་སློང་བ། ཆ་རྐྱེན་འགན་ལེན་སྲ་བརྟན་དུ་གཏོང་བ། ཁེ་ལས་ལ་རང་འགུལ་གྱི་ཞབས་ཞུ་སྒྲུབ་པ་དང་ལས་གཞི་དངོས་འབེབས་ལ་སྐུལ་འདེད་བཏང་སྟེ། ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་ཚོགས་འདུར་མགོ་འཛིན་བྱས། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།