ཀྲུང་གོ་བོད་ཀྱི་དྲ་བ།

དར་ལག་རྫོང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་སྡེ་ཁག་ཏུ་བདམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས《སྐོར་བཅུ་གཅིག་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་སྡེ་ཁག་ལ་མིང་འདོགས་པའི་སྐོར་གྱི་གཏན་འབེབས》དཔར་འགྲེམ་བྱས་ཤིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་མིང་ཐོ་རུ་ཚུད་ཡོད།

སྐོར་བཅུ་གཅིག་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་སྡེ་ཁག་གི་དཔྱད་འདེམ་ལས་དོན་དེ2023ལོའི་ཟླ3པར་མགོ་བརྩམས་ཤིང་། རྩ་འཛུགས་ཀྱིས་འོས་སྦྱོར་དང་གཟན་ནན་གྱིས་དཔྱད་འདེམ། སྤྱི་བསྒྲགས་སོགས་ཀྱི་གོ་རིམ་བརྒྱུད་དེ། ས་གནས་དང་སྡེ་ཁག248ལ་སྐོར་བཅུ་གཅིག་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་སྡེ་ཁག་གི་མིང་བཏགས་པ་དང་། དར་ལག་རྫོང་མགོ་ལོག་ཁུལ་གྱི་བདམས་ཐོན་བྱུང་བའི་སྡེ་ཁག་གཅིག་པུ་རུ་གྱུར།

དར་ལག་རྫོང་ནི་མགོ་ལོག་ཁུལ་གྱི་སྐར་ལྔའི་དར་དམར་དང་པོ་སྒྲེང་ཡུལ་ཡིན། འཆམ་མཐུན་ལྷིང་འཇགས་ཀྱི་ས་གཞི་དེའི་སྟེང་།“རྩྭ་ཐང་ཐོག་གསེར་གྱི་ཁྱུང་ཆེན་འཕུར་ནས་ཡོང་། གུང་ཁྲན་ཏང་གིས་སྨན་པ་ཡག་པོ་ཞིག་ཁྲིད་ཡོང་ཡོད”ཅེས་པའི་སྐད་ཆ་དེ་འདྲ་ཞིག་ཁྱབ་ཡོད། དར་ལག་མི་དམངས་ཀྱི་སེམས་སུ་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་དད་སེམས་བརྟན་པོ་ཡོད་པ་དང་། དམར་པོ་ནི་དར་ལག་མི་དམངས་ཀྱི་སེམས་ནང་གི་མི་རིགས་མཐུན་སྒྲིལ་གྱི་རྨང་གཞིར་གྱུར་ཡོད།

ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་རྫོང་ཡིན་པའི་ཆ་ནས། ཉེ་བའི་ལོ་འགའི་རིང་། དར་ལག་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ལས་འགན་གཙོ་བོར་བྱས་ཏེ།“གསར་བརྗེའི་དར་ལག་དང་གཙང་པོའི་དར་ལག འཆམ་མཐུན་དར་ལག བདེ་སྐྱིད་དར་ལག མུ་ཏིག་དར་ལག”བཅས་ཀྱི་མིང་བྱང5བསྐྲུན་ནས། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་སྐྱེ་ཁམས་དཔལ་ཡོན་མདུན་གྲལ་དུ་བསྐྱོད་པ། དམངས་འཚོའི་བདེ་སྐྱིད་རིམ་སྤོར་བྱས་པ། ལྗང་མདོག་འཕེལ་རྒྱས་སྤུས་འདེགས་ནུས་སྤེལ་བཅས་བྱས་པ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།