ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས“སའི་གོ་ལའི་མཁལ་མ”གཏན་སྲུང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡུས་ཧྲུའུ་རྫ་སྟོད་རྫོང་ཁོངས་ཀྱི་བརླན་ས་ཞིག

མཚོ་སྔོན་པོའི་བྱ་གླིང་།

ཡུས་ཧྲུའུ་རོང་པོ་ཐང་།

དུང་དཀར་མཚོ་ནག་རྒྱལ་ཁབ་བརླན་ས་སྤྱི་གླིང་།

མཚོ་སྔོན་པོ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ལ་མཚོན་ན་བརླན་ས་ནི་སྐྱེ་ཁམས་ཐོན་ཁུངས་གལ་ཆེན་ཡིན་པ་མ་ཟད་སྐྱེ་ཁམས་རྨང་གཞི་གཙོ་བོའང་ཡིན། བརླན་སའི་སྲུང་སྐྱོང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ནང་དོན་གཙོ་བོར་བཟུང་བའི་ཐད་མཚོ་སྔོན་གྱིས་རྒྱུན་མཐུད་ངང་བརླན་ས་སྲུང་སྐྱོང་དང་སླར་གསོ། དོ་དམ་བྱེད་ཤུགས་ཆེ་རུ་བཏང་བས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི712ཟིན་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཐོན་ཡོད།

མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ས་གཤིས་སྐྱེ་ཁམས་ཁོར་ཡུག་གིས་རྒྱ་ཁྱོན་ཆེ་ཞིང་ས་བབ་མཐོ་བའི་བརླན་སའི་སྐྱེ་ཁམས་མ་ལག་བསྐྲུན་ནས་གཙང་ཆུ་དང་མཚོ་དང་མཚེའུ་མང་པ། འདམ་ར་ཡོངས་སུ་ཁྱབ་བ། གངས་རི་འཁྱགས་རོམ་གསོ་སྐྱོང་བྱེད་པའི་རྔམ་བརྗིད་ལྡན་པའི་བརླན་སའི་སྐྱེ་ཁམས་མཛེས་ལྗོངས་མངོན་ཡོད་པ་མ་ཟད། རྨ་ཆུ་དང་འབྲི་ཆུ། རྫ་རུ་བཅས་ཀྱི་གཙང་ཆུ་ཆེན་པོ་གསོ་སྐྱོང་བྱས་ཡོད། ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་སྣ་མང་ཅན། ཤུགས་ཆེ་བའི་སྐྱེ་ཁམས་བྱེད་ནུས་ཀྱིས་མཚོ་སྔོན་ནི་རང་རྒྱལ་ཐ་ན་འཛམ་གླིང་སྟེང་ཤུགས་ཆེ་བའི་སྐྱེ་ཁམས་འདུམ་འགྲིག་ཁུལ་དུ་གྱུར་ཡོད།

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན། ཀྲུང་གོ་དང་ཐ་ན་འཛམ་གླིང་གི་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་གཏོང་བའི་མཐོ་ཚད་ནས་ལངས་དུས་མཚོ་སྔོན་གྱིས་ནམ་ཡང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་ཏུ་བཟུང་ནས། བརླན་སའི་སྲུང་སྐྱོང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་གོ་གནས་གལ་ཆེན་ཤེས་རྟོགས་གཏིང་ཟབ་ཀྱིས་མ་དངུལ་གཏོང་བ་དང་ལས་གཞི་ལག་བསྟར་བྱས་པས། ནུས་ལྡན་ངང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བརླན་སའི་སྐྱེ་ཁམས་གནས་ཚུལ་ཇེ་ལེགས་སུ་བཏང་ཞིང་ཆུ་ཁུངས་གསོ་སྐྱོང་ནུས་བ་མུ་མཐུད་དུ་མཐོ་རུ་ཕྱིན།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས“ཀྲུང་ཧྭའི་ཆུ་མཛོད”གཏན་སྲུང་བྱས་ནས“དྭངས་གསལ་གཙང་བོ་ཤར་ལ་འབབ་པ”ཅེས་པའི་དམིགས་ཚད་གཙོ་བོར་བཟུང་ནས་ཤུགས་ཆེན་པོས་བརླན་ས་སྲུང་སྐྱོང་དང་རིམ་དབྱེ་དོ་དམ། ཐོན་ཁུངས་ལྟ་ཞིབ། སྲུང་སྐྱོང་སླར་གསོ། ལྟ་ཞིབ་ཚད་འཇལ་དང་དཔྱད་དཔག་གི་མ་ལག་ལྔ་འཛུགས་སྐྲུན་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་གཙོ་གཞིར་བཟུང་བ་དང་། བརླན་སའི་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞི་བྱེད་པ། བརླན་སའི་སྤྱི་གླིང་ཁ་གསབ་བྱེད་པའི་བརླན་སའི་སྲུང་སྐྱོང་མ་ལག་གྲུབ་པས། སྔ་རྗེས་སུ《མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་སྲུང་སྐྱོང་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་སྲུང་སྐྱོང་སླར་གསོ་ལམ་ལུགས་ཇུས་འགོད་ཀྱི་ལག་བསྟར་བསམ་འཆར》། 《མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་མིང་བྱང་དོ་དམ་ཐབས་ལམ》། 《མཚོ་སྔོན་ཞིང་ཆེན་གྱི་བརླན་ས་གལ་ཆེན་དོ་དམ་བྱེད་ཐབས》། 《མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་བརླན་ས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་དོ་དམ་བྱེད་ཐབས》སོགས་ཀྱི་སྲུང་སྐྱོང་ལམ་ལུགས་བཏོན་ནས་ཁྲིམས་ལྟར་བརླན་ས་སྲུང་སྐྱོང་བྱས་ནས་དུས་རིམ་རང་བཞིན་གྱི་ཕན་ནུས་ཐོབ།

མུ་མཐུད་དུ་བརླན་སའི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། མཚོ་སྔོན་ཞིང་ཆེན་གྱིས་གཏིང་ཟབ་སྒོས་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། མཚོ་སྔོན་པོ་སོགས་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། བརླན་སའི་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས་བརླན་སའི་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བྱས། མིག་སྔར། གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་བརླན་སའི་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང2དང་། མཚོ་སྔོན་པོ་བྱ་གླིང་། མཚོ་སྐྱ་རེངས། མཚོ་སྔོ་རེངས། ཡུས་ཧྲུའུ་རོང་པོ་ཐང་བཅས་རྒྱལ་སྤྱིའི་བརླན་གལ་ཆེན4། རྒྱལ་ཁབ་ཀྱི་བརླན་ས་སྤྱི་གླིང19དང་ཞིང་ཆེན་རིམ་པའི་བརླན་ས་གལ་ཆེན32ཡོད།

2023ལོར་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་བརླན་སའི་སྲུང་སྐྱོང་ལས་གཞི་རིགས་ཀྱི་མ་དངུལ་སྒོར་ཁྲི7247བརྩོན་ལེན་བྱས་ནས། མཚོ་སྔོན་པོ་བྱ་གླིང་དང་མཚོ་སྐྱ་རེངས། མཚོ་སྔོ་རེངས་རྒྱལ་སྤྱིའི་བརླན་ས་གལ་ཆེན་སོགས་བརླན་སའི་སྲུང་སྐྱོང་དང་སླར་གསོ་ལས་གཞི་རིགས19སླར་གསོ་བྱས་པས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་བྱེད་པ་དང་རིགས་སོ་སོའི་བརླན་སའི་སྤྱི་གླིང་ཁ་གསབ་བྱེད་པའི་བརླན་སའི་སྲུང་སྐྱོང་གནས་མ་ལག་ཆགས་པ་རེད།

མཚོ་སྔོན་ནི་གཙང་ཆུའི་འབྱུང་ཡུལ་ཡིན་པ་མ་ཟད། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རྩ་ཆེན་རིགས་ཀྱི་འཚོ་སྡོད་ཁྱིམ་གཞིས་ཡིན་པས། སྐྱེ་ཁམས་ཐོན་ཁུངས་རྩ་ཆེན་དེ་གཞན་གྱིས་ཚབ་བྱེད་མི་ཐུབ་ལ་འདྲ་བཟོ་ཡང་བྱེད་མི་ཐུབ་པས་བརླན་སའི་ཐོན་ཁུངས་ཤིན་ཏུ་རྩ་ཆེན་ཡིན།

མཚོ་སྔོན་གྱིས་རྒྱལ་ཡོངས་ནས་སྔོན་ལ་བརླན་སའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣའི་ལམ་ལུགས་བཙུགས་པ་དང་། གཙང་གསུམ་འབྱུང་ཡུལ་ཚོད་ལྟ་ཁུལ་གྱི་རྫོང་དང་ཁུལ22སུ་བརླན་སའི་སྲུང་སྐྱོང་དོ་དམ་མི་སྣ963བཀོད་སྒྲིག་བྱས་པས། དོ་དམ་སྲུང་སྐྱོང་རྒྱ་ཁྱོན་སྤྱི་ཆིངས192.67ཟིན་ཞིང“འབྲོག་མི་གཙོ་བོ་དང་ཆེད་ཞོར་ཟུང་འབྲེལ། དོ་དམ་ཚད་ལྡན། འགན་སྲུང་ཤུགས་ལྡན”གྱི་བརླན་སའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་རྣམ་པ་ཆགས།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་བརླན་སའི་སྐྱེ་ཁམས་དང་ཐོན་སྐྱེད། ཐཱན་འདུས་དང་རིགས་གནས་སོགས་ཀྱི་ནུས་བ་སྣ་ཆོགས་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་དང་རང་བྱུང་སྲུང་སྐྱོང་ཁུལ། བརླན་ས་སྤྱི་གླིང་སོགས་གཙོ་བོར་བཟུང་ནས། ཚན་རིགས་དང་ལྡན་པའི་ངང་བརླན་སའི་སྲུང་སྐྱོང་འཕེལ་རྒྱས་ཇུས་འགོད་དང་བརླན་སའི་སྲུང་སྐྱོང་སླར་གསོ་ཇུས་འགོད་སྒྲིག་པ་མ་ཟད། བརླན་སའི་རང་བྱུང་སྲུང་སྐྱོང་གནས་ཀྱི་རང་བྱུང་དང་དྲིལ་སྒྲོག་སློབ་གསོ་ཐོན་ཁུངས་ལ་བརྟེན་ནས། སྤྱི་ཚོགས་མང་ཚོགས་ཀྱི་རང་བྱུང་སྲུང་སྐྱོང་ནང་ཞུགས་ཚད་དང་ཐོབ་སྣང་མཐོ་རུང་བཏང་།  །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།