ཀྲུང་གོ་བོད་ཀྱི་དྲ་བ།

ཁུལ་ཁོངས་ཉེན་དོན་མཉམ་འབྲེལ་ཁྲིམས་བསྟར་བྱས་ཏེ་མཚོ་སྐོར་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱས།

    སྤེལ་དུས། : 2024-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་པོའི་ཉ་གསོ་ལས་རིགས་ཐོན་ཁུངས་དང་མཚོ་སྐོར་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད། ཟླ་དང་པོའི་ཚེས23ཉིན་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་སྤྱི་བདེ་ཅུའུ་དང་། མཚོ་སྔོན་པོ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མཚོ་ཐོག་སྤྱི་བདེ་ཅུའུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ། དེ་མིན་མཚོ་སྐོར་གྱི་བཞུར་བརྒྱུད་སོ་སོའི་སྤྱི་བདེ་ལས་ཁུངས་སོགས་དང་མཉམ་འབྲེལ་བྱས་ཏེ། མཚོ་སྐོར་ས་ཁུལ་དུ་མཉམ་འབྲེལ་སྐོར་གཡེང་ཁྲིམས་བསྟར་བྱ་འགུལ་སྤེལ། ཟླ2པའི་ཚེས9ཉིན། མཉམ་འབྲེལ་ཁྲིམས་བསྟར་བྱ་འགུལ་ལས་བསྡོམས་པས་ཉེན་རྟོག་པ་མི་ཐེངས43མངག་གཏོང་བྱས་པ་དང་། འགྲུལ་བཞུད་ལམ་ཐག་སྤྱི་ལེ1000ལྷག་ཡིན་ལ། མཚན་མོའི་ཆེད་དོན་ཞིབ་བཤེར་ཐེངས2སྤེལ་བར་མ་ཟད། ཟ་ཁང80ལྷག་ལ་ཞིབ་བཤེར་བྱས་པ་དང་། དྲིལ་སྒྲོག་རྒྱུ་ཆ600ལྷག་བྱིན་ཡོད་ལ། སློབ་གསོ་མྱངས་པའི་མང་ཚོགས་མི་ཐེངས1000ལྷག་ཡིན།

མཚོ་སྐོར་ས་ཁུལ་གྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་མཚོ་སྔོན་པོ་ས་ཁུལ་གྱི་ཉེན་དོན་རོགས་ལས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། མཉམ་དུ་མཚོ་སྐོར་གྱི་སྐྱེ་ཁམས་སྲུང་ཐད་བློ་འདོན་ཇུས་འབུལ་བྱས། མཚོ་སྐོར་ས་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་ཁྱབ་ཁོངས་ལ་འབྲེལ་བའི་ཁྲིམས་འགལ་ནག་ཉེས་ལ་རྒྱུན་རྣམ་ཅན་གྱིས་ཆམ་ཕབ་གཏོང་བའི་འགོག་སྲུང་ཉེན་དོན་རོགས་ལས་རྐྱེན་སྲོལ་གྱི་གྲོས་མཐུན་ཡི་གེ་བཀོད་དེ། མཉམ་དུ་མཚོ་སྔོན་པོའི་ཉེ་འཁོར་གྱི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ནག་ཉེས་ལ་ཆམ་ཕབ་གཏོང་བ་དང་། ས་ཁོངས་ཀྱི་བདེ་འཇགས་བརྟན་སྲུང་ལ་སྲུང་སྐྱོབ་བྱེད་པའི་ཐད་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིངས་ཡོད། མཉམ་འབྲེལ་སྐོར་གཡེང་ཁྲིམས་བསྟར་བྱ་བའི་ཚན་ཆུང་གིས་མཚོ་སྔོན་པོ་ས་ཁུལ་དུ་ཁྲིམས་འགལ་གྱིས་གསེར་ཉ་འཛིན་བཟུང་བྱེད་པའི་ས་ཁོངས་དང་རི་སྐྱེས་སྲོག་ཆགས་འཚོ་སར་ཐོལ་རྒོལ་རང་བཞིན་དང་དྲ་འཐེན་རྣམ་པ་ཅན་གྱི་ཁྲིམས་བསྟར་ཞིབ་བཤེར་བྱེད་པར་ཤུགས་སྣོན་བྱས་ཤིང་། མཚོ་སྔོན་པོའི་མཐའ་སྐོར་གྱི་བཟའ་བཏུང་དང་ཆུ་ཐོན་སོགས་ཀྱི་གནས་གཙོ་བོར་མཉམ་འབྲེལ་གྱིས་ཁྲིམས་བསྟར་ཞིབ་བཤེར་བྱེད་པར་ཤུགས་བཏོན་པ་དང་། གཙོ་བོ་མཚོ་སྔོན་པོའི་གསེར་ཉ་ཁྲིམས་འགལ་གྱིས་ཉོ་སྡུད་དང་ལས་སྣོན། ཕྱིར་འཚོང་བཅས་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཆམ་ཕབ་བཏང་། མཚན་མོའི་ཆེད་དོན་ཞིབ་བཤེར་དང་དྲག་ཆས་སྐོར་གཡེང་བྱ་བ་སྤེལ་ནས། སྐྱེ་ཁམས་ཁྱབ་ཁོངས་ལ་འབྲེལ་བའི་ཁྲིམས་འགལ་ནག་ཉེས་ལ་ཆམ་ཕབ་གཏོང་བའི་ཟིལ་ཤུགས་ཇེ་ཆེར་བཏང་སྟེ་མཉམ་འབྲེལ་གྱིས་ཆམ་ཕབ་གཏོང་བའི་ཕན་ནུས་མཐོར་འདེགས་བྱས། མཉམ་འབྲེལ་སྐོར་གཡེང་ཁྲིམས་བསྟར་བྱ་བའི་ཚན་ཆུང་གིས་རྐང་ཚ་རྫོང་ཁྱོན་རྒྱས་ཡུལ་ཚོ་དང་གུང་ཧོ་རྫོང་གི་རྟ་ནག་མ། ཅང་ཤེས་ཁུག་སོགས་ཀྱི་སྲང་ལམ་འགྲམ་གྱི་ཚོང་ཁང་དང་ཟ་ཁང་སོགས་ལ་དྲིལ་སྒྲོག་རྒྱུ་ཆ་སྟེར་བ་དང་། ཡུལ་དངོས་ནས་བཅའ་ཁྲིམས་འགྲེལ་བརྗོད་བྱེད་པ། སྤྱི་བསྒྲགས་སྦྱོར་བ་སོགས་ཀྱི་ཐབས་ལ་བརྟེན་ནས། མཚོ་སྔོན་པོའི་ཉེ་འཁོར་གྱི་མང་ཚོགས་དག་གིས་རང་འགུལ་གྱིས་བཅའ་ཁྲིམས་བརྩི་སྲུང་བྱེད་པ་དང་དཔལ་ཡོན་ལྡན་པར་ཁྲིམས་སྲུང་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཁྲིམས་སྲུང་གཟི་བརྗིད་དང་ཁྲིམས་འགལ་རྩད་གཅོད་བྱེད་པའི་སྣང་ཚུལ་བཟང་བོ་ཆགས་པར་བྱས།  །


 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།