ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ལྷོས་མཁོ་འདོན་འགན་སྲུང་དང་དངོས་གོང་བརྟན་འཇགས་སུ་བཏང་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱིས་ལོ་སར་བཟང་བོ་རོལ་བར་ཁག་ཐེག་བྱས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས8ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་སར་སྐབས་ཀྱི་ཚོང་རའི་མཁོ་འདོན་འགན་སྲུང་དང་དངོས་གོང་བརྟན་འཇགས་སུ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་པ་དང་། དམངས་ཚིས་ཚོང་རྫས་གལ་ཆེན་གྱི་རིན་གོང་ཚོད་སྡོམ་གྱི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་ཆེད། མཚོ་ལྷོ་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཉམ་དུ། ལོ་སར་སྐབས་ཀྱི་སྲིད་གཞུང་གིས་རིན་གོང་བདེ་བའི་ཤ་རིགས་འབྲུ་སྣུམ་སོགས་འཚོ་བའི་དངོས་ཟོག་ཉར་གསོག་བྱ་བ་ཕྱོགས་ཡོངས་ནས་སྤེལ།

མཚོ་ལྷོ་ཁུལ་སྲིད་གཞུང་གིས་རིན་གོང་བདེ་བའི་འཚོ་བའི་དངོས་ཟོག་ཉར་གསོག་བྱེད་པའི་བྱ་བའི་ཐད་ནས་གཅིག་གྱུར་ལྔ་ཡི་རྣམ་པ་སྤྱད་པ་དང་། ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཛུབ་ཁྲིད་རང་བཞིན་གྱི་འཆར་གཞི་བཀོད་ལ། རྫོང་སོ་སོའི་སྲིད་གཞུང་གིས་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་གཙོ་གཞི་འགན་འཁྲི་ལག་བསྟར་བྱས།

ལོ་ཧྲིལ་བོར། ཁུལ་ཡོངས་སུ་བསྡོམས་པས་སྲིད་གཞུང་གི་གོང་བདེ་དངོས་ཟོག་ཁ་གསབ་མ་དངུལ་སྒོར་ས་ཡ་བཞི་ལྷག་གྲབས་གསོག་བྱས་པ་དང་། སྲིད་གཞུང་གི་རིན་གོང་བདེ་བའི་ནོར་ལུག་ཤ་ཏུན་ལྔ་བརྒྱ་དང་ཉི་ཤུ་དང་། ཕག་ཤ་ཏུན་བརྒྱ།  ཕྱེ་ཏུན་བརྒྱད་བརྒྱ། བཟའ་སྣུམ་ཧྲིན་འབུམ་གཅིག་མཁོ་སྤྲོད་བྱས།

སྲིད་གཞུང་གིས་ཁ་གསབ་བྱས་པའི་ནོར་ལུག་ཤའི་ཆ་སྙོམས་ཀྱི་རིན་གོང་སྤྱི་རྒྱ་གཅིག་ལ་སྒོར་ང་བརྒྱད་དང་ཟུར་བརྒྱད་ཡིན་པ་དང་། ནོར་ལུག་ཤའི་ཆ་སྙོམས་ཀྱི་རིན་གོང་སྤྱི་རྒྱ་གཅིག་ལ་སྒོར་ང་གཉིས་དང་ཟུར་གསུམ་སྐར་དྲུག་ཡིན་ལ། ནོར་ལུག་ཤ་སྤྱི་རྒྱ་རེའི་རིན་གོང་ཚོང་ར་དང་བསྡུར་ན་སྒོར་དྲུག་གིས་དམའ་བ་དང་། ཕག་ཤའི་ཆ་སྙོམས་ཀྱིས་རིན་གོང་སྤྱི་རྒྱ་གཅིག་ལ་སྒོར་ཉེར་གཅིག་དང་ཟུར་བཞི་སྐར་གཉིས་ཡིན་ལ། སྤྱི་རྒྱ་རེའི་རིན་གོང་ཚོང་རའི་རིན་གོང་དང་བསྡུར་ན་སྒོར་བཞི་ཡིས་དམའ།

མིག་སྔར། ཁུལ་ཡོངས་ཀྱི་སྲིད་གཞུང་གིས་རིན་གོང་བདེ་བའི་འཚོ་བའི་དངོས་ཟོག་འཕྲོ་རིམ་འཕྲོར་ཚོང་རར་བཏང་བ་དང་། ཚོང་རའི་འབྲུ་རིགས་དང་སྣུམ། ཤ སྔོ་ཚལ།  བྱ་སྒོང་། འོ་མ་སོགས་འཚོ་བའི་ཉེར་མཁོ་དངོས་རྫས་ཀྱི་མཁོ་འདོན་ཧ་ཅང་འཛོམས་པོ་ཡིན་ལ། དངོས་གོང་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་། འཛད་སྤྱོད་པའི་ལོ་སར་སྐབས་ཀྱི་སྣ་ཅང་ཅན་གྱི་འཛད་སྤྱོད་དགོས་མཁོ་བསྐངས་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།