ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་དཀའ་ཁག་ཡོད་པའི་ལོ་ལོན་རྒན་པའི་ཁྱིམ་ཚང་སྟོང་བཞི་དང་བཞི་བརྒྱ་རེ་དགུ་ལ་རྒན་པར་འཚམ་པའི་སྒྱུར་བཀོད་ལག་བསྟར་བྱས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་དུ། མཚོ་སྔོན་གྱིས་ལོ་ལོན་རྒན་པའི་ཁྱིམ་སྡོད་འཚོ་བའི་ཁོར་ཡུག་ཆ་རྐྱེན་ཕན་ལྡན་ལེགས་སྒྱུར་བྱེད་པར་དམིགས་ནས། སྔ་གཞུག་ཏུ་རིམ་པ་སོ་སོའི་ནོར་སྲིད་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་དགུ་ཁྲི་གཅིག་སྟོང་གཉིས་བརྩོན་ལེན་བྱས་ཏེ། དཀའ་ཁག་ཡོད་པའི་ལོ་ལོན་རྒན་པའི་ཁྱིམ་ཚང་ལ་རྒན་པར་འཚམ་པའི་སྒྱུར་བཀོད་ལག་བསྟར་བྱས། 2023ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་དཀའ་ཁག་ཡོད་པའི་ལོ་ལོན་རྒན་པའི་ཁྱིམ་ཚང་སྟོང་བཞི་དང་བཞི་བརྒྱ་རེ་དགུ་ཡི་རྒན་པར་འཚམ་པའི་སྒྱུར་བཀོད་ལས་འགན་ཡོངས་འགྲུབ་བྱས་པ་དང་། ད་དུང་ཁྱིམ་ཚང་སྟོང་གཅིག་དང་ལྔ་བརྒྱ་དོན་དྲུག་གིས་མྱུར་དུ་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་ལ། སྔོན་དུ་ཚད་བརྒལ་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྒན་གསོ་ཞབས་ཞུའི་འཆར་འགོད་ལས་འགན་ཡོངས་འགྲུབ་བྱས་ཏེ། ལོ་ལོན་རྒན་པའི་ཁྱིམ་སྡོད་འཚོ་བའི་བདེ་འཇགས་རང་བཞིན་དང་སྟབས་བདེ་ཅན། བདེ་སྐྱིད་ཀྱི་དམིགས་ཚད་ཇེ་མཐོར་སོང་།

རྒྱུས་ལོན་བྱུང་བ་ལྟར་ན། རིམ་པོ་སོའི་དམངས་སྲིད་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་ཧ་ཅང་དཀའ་ཁག་ཆེ་བའི་གསོ་སྐྱོང་བྱེད་ཡུལ་ཁྲོད་ཀྱི་ལོ་ན་མཐོ་བ་དང་ནུས་པ་མེད་པ། གཞིས་སྲུང་། བྱིས་པ་གམ་དུ་མེད་པའི་ལོ་ལོན། དབང་བོ་སྐྱོན་ཅན། འཆར་ལྡན་བུ་སྐྱེས་དམིགས་བསལ་དཀའ་ཁག་བཅས་ཀྱི་ལོ་ལོན་རྒན་པའི་ཁྱིམ་ཚང་དམིགས་སུ་བཟུང་ནས། ཁྱིམ་ཚང་རེ་རེར་སྒོར་སྟོང་ལྔའི་འཛུགས་སྐྲུན་ཚད་གཞི་ལྟར། སྲིད་གཞུང་གིས་མ་དངུལ་བཏང་ནས་ཆ་རྐྱེན་མཐུན་པའི་ལོ་ལོན་རྒན་པའི་ཁྱིམ་ཚང་ལ་རིན་མི་ལེན་པར་གེགས་མེད་སྒྲིག་ཆས་སྒྱུར་བཀོད་འདོན་སྤྲོད་བྱས། ཁང་བའི་ནང་གེགས་མེད་ཤར་བགྲོད་བྱེད་ཐུབ་པ་དང་། གསང་སྤྱོད་དང་ལུས་འཁྲུད་བདེ་འཇགས། ཁྱིམ་སྡོད་ཁོར་ཡུག་ལེགས་སྒྱུར། རིག་ནུས་བདེ་འཇགས་ལྟ་རྟོག རམ་འདེགས་ཡོ་བྱད་བཀོད་སྒྲིག་སོགས་ཀྱི་སྤྱིའི་དམིགས་འབེན་ལ་དམ་དུ་དམིགས་པ་དང་། ཉལ་ཁྲིའི་སྟེང་སྐྱོབ་ར་སྒྲིག་སྦྱོར་བྱས་པ་དང་། སྤྱོད་ཁང་ནང་དུ་ལག་སྐྱོར་དང་ལུས་འཁྲུ་རྐུབ་སྟེགས་སྒྲིག་སྦྱོར་བྱས་ཤིང་། ཁྱིམ་སྒོ་རུ་ནང་ལ་འཛུལ་སྐབས་འགྱེལ་འགོག་བྱེད་ཐབས་སྤྱད་ལ། འཁོར་སྟེགས་དང་ལག་རྟེན། མཚན་མོའི་གློག་སྒྲོན་སོགས་དངོས་པོ་སྒྲིག་སྦྱོར་བྱས་ནས། རྒན་པར་འཚམ་པའི་སྒྱུར་བཀོད་དེ་ལོ་ལོན་རྒན་པའི་སེམས་འདུན་དང་མཐུན་པར་བྱས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།