ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་མེ་འགོག་མེ་གསོད་སྡེ་ཁག་གིས་ལོ་སར་སྔོན་གྱི་མེ་འགོག་མེ་གསོད་བདེ་འཇགས་ཞིབ་བཤེར་སྤེལ།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སར་སྔོན་དུ། དུས་ཆེན་སྐབས་ཀྱི་མེ་འགོག་མེ་གསོད་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་མེ་འགོག་མེ་གསོད་སྡེ་ཁག་གིས་གཙོ་གནད་སྡེ་ཁག་དང་གཙོ་གནད་ཁྱབ་ཁོངས་གཙོར་བཟུང་ནས། གཅིག་བསྡུས་སྒོས་ཉེན་ཁ་སེལ་བའི་མཁྲེགས་གཏོར་བཅོས་སྐྱོང་འགུལ་སྐྱོད་ལ་ཟུང་འབྲེལ་བྱས་པ་དང་། མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་རྣམ་པ་སྤྱད་དེ་གཞི་རིམ་དུ་སོང་ནས། ཡུལ་གནས་ཆུང་བ་དགུ་དང་ལས་རྣམ་མང་བོའི་མཉམ་བསྲེས་ཐོན་སྐྱེད་ཚོང་གཉེར་བྱེད་ས། མི་སྣ་འདུ་ཚོགས་བྱེད་ས། དམིགས་བསལ་ཡུལ་གནས། འབར་སླ་བ་དང་གས་སླ་བའི་ཡུལ་གནས། ཡུལ་གནས་གཙོ་བོ་རུ་དུས་ཆེན་སྔོན་གྱི་བདེ་འཇགས་ཞིབ་བཤེར་སྤེལ།

རིམ་པ་སོ་སོའི་མེ་འགོག་མེ་གསོད་སྡེ་ཁག་ཡུལ་གནས་ཆུང་བ་དགུ་རུ་སོང་ནས་མེ་འགོག་མེ་གསོད་བདེ་འཇགས་ལྟ་ཞིབ་ཞིབ་བཤེར་དང་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། དེ་དང་མཉམ་དུ་ཁོངས་གཏོགས་ས་ཁུལ་གྱི་མགྲོན་ཁང་ཟ་ཁང་དང་ཚོང་ར། རླངས་འཁོར་ས་ཚུགས་དང་གནམ་གྲུ་ཐང་སོགས་མི་འདུ་རུབ་བྱེད་ས་གཙོར་བཟུང་ནས། མེ་འགོག་མེ་གསོད་བདེ་འཇགས་ཐད་ཀྱི་གསལ་འདེབས་གསུམ་བཟང་བོར་བསྒྲུབས། བརྙན་འཕྲིན་དང་ཚགས་པར། སྨྱན་བྱད་གསར་བའི་སྟེགས་བུ་སོགས་ཐབས་ལམ་མང་བོ་སྤྱད་དེ། སྤྱི་ཕན་བརྙན་ཐུང་འགྲེམ་གཏོང་དང་ཉེན་བརྡའི་དཔེ་གཞི་བརྙན་རིས་བཏང་ལ། མེ་གསོད་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་བྱས་པ་དང་། ཡུལ་གནས་དང་ཐབས་ལམ་བགོས་ནས་བསྒྲགས་ཡིག་བཀྲམས་པ་དང་བརྡ་སྦྱོར་སྦྱར། གྲོང་ཁྱེར་དང་ཁུལ། རྫོང་དང་ཆུའུ། ཡུལ་ཚོ་དང་གྲོང་རྡལ། སྲང་ལམ། མངག་གཏོང་ཁང་སོ་སོའི་གཞི་རིམ་མེ་འགོག་མེ་གསོད་སྟོབས་ཤུགས་སྐུལ་སློང་བྱས་ནས་རྒྱུན་རྣམ་ཅན་དུ་གཙང་སེལ་གསུམ་དང་སྒོ་རྒྱག་པ་གསུམ་གྱི་བྱ་འགུལ་སྤེལ་བ་དང་། མེ་འགོག་མེ་གསོད་ཀྱི་བདེ་འཇགས་ཤེས་བྱའི་གསོ་སྦྱོང་དང་ཡུལ་དངོས་ནས་མང་ཚོགས་ལ་མེ་གསོད་ཡོ་བྱད་བཀོལ་སྤྱོད་བྱེད་ཐབས་ཁྲིད་པ་དང་། བྲེལ་མྱུར་སྲོག་ཐར་ལད་ཟློས་སོགས་ནང་དོན་བརྒྱུད་དེ། མང་ཚོགས་ཀྱི་མེ་འགོག་མེ་གསོད་བདེ་འཇགས་ཀྱི་འདུ་ཤེས་དང་རང་སྲུང་རང་སྐྱོབ་ནུས་པ་སྔར་ལས་མཐོར་འདེགས་བཏང་།

དུས་ཆེན་སྐབས་སུ། མཚོ་སྔོན་གྱི་རིམ་པ་སོ་སོའི་མེ་འགོག་མེ་གསོད་སྡེ་ཁག་གིས་དུས་ཚོད་ཉེར་བཞིའི་ལས་རེས་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། མེ་འགོག་མེ་གསོད་བདེ་འཇགས་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། གུང་གསེང་སྐབས་སུ་མི་འགྲོ་འོང་བྱེད་ཚད་ཆེ་བ་དང་མེ་སྐྱོན་འབྱུང་ཚད་མང་བའི་གནས་ཚུལ་དངོས་ལ་ཁ་གཏད་དེ། མི་འདུ་རུབ་བྱེད་ས་རུ་ལས་རེས་ས་ཚུགས་བཙུགས་ནས། དུས་ནམ་ཡང་རིགས་མི་འདྲ་བའི་མེ་སྐྱོན་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་འཇལ་རྒྱུ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།