ཀྲུང་གོ་བོད་ཀྱི་དྲ་བ།

ཞོན་ཧྭ་རྫོང་གིས་ཏང་ཡོན་དཔུང་ཁག་གི་བྱང་ཚད་མུ་མཐུད་མཐོ་རུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2024-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2023ལོ་ནས་བཟུང་། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གིས་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཏང་ཡོན་གྱི་སློབ་གསོའི་དངོས་ཕན་རང་བཞིན་དང་དམིགས་སའི་རང་བཞིན་སྔར་བས་ཆེ་རུ་བཏང་སྟེ། ཏང་ཡོན་དཔུང་ཁག་གི་བྱང་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས་ཞོན་ཧྭ་འཛུགས་སྐྱོང་བྱ་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད། 

ཞོན་ཧྭ་རྫོང་དུ“རྫོང་ཨུས་སྤྱི་འདོམས་ལ་དམ་འཛིན་བྱས་ནས་འཆར་འགོད་ལ་དམ་འཛིན་བྱེད་པ་དང་། རྩ་འཛུགས་པུས་ལྟ་སྐུལ་མཛུབ་ཁྲིད་ལ་དམ་འཛིན་བྱེད་པ། ཏང་ཁག(ལས་བཟོ)ཨུ་ལྷན་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི”རིམ་གསུམ་མཉམ་འགུལ་འགན་འཁྲིའི་ལམ་སྲོལ་བཙུགས་པ་རེད། ཏང་ཁག(ལས་བཟོ)ཨུ་ལྷན་གྱིས་ཏང་ཡོན་གསོ་སྦྱོང་ཏན་ཏིག་སྤེལ་བ་དང་། ཏང་གི་རྩ་འཛུགས་རིམ་པ་ཁག་གིས“གྲོས་ཚོགས་གསུམ་དང་སློབ་ཚན་གཅིག”དང་། བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་སོགས་ཀྱི་ལམ་ལུགས་ཚད་ལྡན་དུ་བཙུགས་ཡོད། “ཏང་གི་སློབ་ཚན་ཁྲིད་ཐུབ་སོང”ཞེས་པ་དང་ཟུང་འབྲེལ་བྱས་ཏེ་ཟླ་རེར་ཏང་གི་ཤེས་བྱ་སློབ་ཁྲིད་ཀྱི་བྱེད་སྒོ་ཐེངས་གཅིག་སྤེལ་ནས། “ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་སྣེ་ཁྲིད་དེ་འཆད་ཁྲིད་དང་། ཚན་པའི་ཁོངས་མིས་རྗེས་སུ་འབྲངས་ནས་འཆད་པ། ཀྲི་པུའུ་ཧྲུའུ་ཅིས་རང་འགུལ་ངང་ཤོད་པ”བཅས་ཀྱི་ངང་ཚུལ་བསྐྲུན་དགོས། དེ་དང་ཆབས་ཅིག་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ནས“དྲ་ཐོག་དང་དྲ་འོག་ཟུང་འབྲེལ”གྱི་བྱེད་སྟངས་སྤྱད་དེ་སྐད་འཕྲིན་གྱི་སྤྱི་དམངས་སྟེགས་བུ་དང་། རྒྱང་ཁྲིད་སློབ་གསོའི་ས་ཚིགས། ལག་འཁྱེར་ཁ་པར་སོགས་དྲ་ཐོག་ལས་སྟེགས་སྤྱད་དེ་དུས་བཀག་ལྟར་སློབ་གསོའི་གསོ་སྦྱོང་བྱས་པ་རེད། རྫོང་ཨུའི་ཏང་གི་སློབ་གྲྭ་དང་། ཏང་ཀྲི་པུའུ་ཡི་རྩ་འཛུགས་ཀྱི་འཚོ་བ་མཉམ་སྤྱོད་བྱེད་ས། གསར་བརྗེའི་སློབ་གསོའི་རྟེན་གཞི་སོགས་ཀྱི་དྲ་ཐོག་གསོ་སྦྱོང་བྱེད་གནས་བེད་སྤྱོད་གང་ལེགས་བྱས། 

སློབ་ཚན་བཀོད་སྒྲིག་ཐད་ཞོན་ཧྭ་རྫོང་རིམ་ཁག་ཏང་རྩ་འཛུགས་ཀྱིས་རང་འགུལ་ངང་བྱེད་པོའི་འགན་འཁྲི་འཁུར་བ་དང་། གོང་རིམ་གྱི་སྲིད་ཇུས་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པ། ཞིབ་འཇུག་ཇུས་འགོད་ཞིབ་ཚགས་བྱེད་པ། ཏང་གི་རིགས་པའི་གཞུང་ལུགས་དང་ཏང་གཤིས་སློབ་གསོ་དམ་འཛིན་ནན་པོ་བཅས་བྱེད་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག་སྡེ་ཚན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཆབ་སྲིད་དཔལ་འབྱོར་དང་། གླེང་མང་བའི་གནད་དོན། གྱོད་གཞི་དཔེ་མཚོན་ཅན། ལག་ལེན་རྩལ་ནུས་སོགས་ཀྱི་སློབ་ཚན་རིགས་དབྱེ་བཙུགས་ནས་ཁྱབ་ཁོངས་ཁག་གི་ཏང་ཡོན་གྱི་བྱང་ཚད་དང་ནུས་པ་གཉིས་ཀ་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་། 

གཞན་ཡང་རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལས་དོན་གྱི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་གྱི་སློབ་གསོ་དོ་དམ་ལ་དུས་རྒྱུན་དང་རྒྱུན་གཏན་གྱི་ཐད་ཀའི་འགན་འཁྲི་ནན་པོ་འཁུར་དགོས། རྩ་འཛུགས་སྡེ་ཁག་གིས་སྣེ་ཁྲིད་དེ་སྤྱི་ཡོངས་ནས་འཛིན་པ་དང་། ཏང་གི་སློབ་གྲྭ་སོགས་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་གཞོགས་འདེགས་དམ་ཟབ་བྱེད་པའི་ཏང་ཡོན་གྱི་སློབ་གསོ་དང་གསོ་སྦྱོང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་རེད། ཏང་ཡོན་གྱི་སློབ་གསོ་དང་དོ་དམ་ལས་ཀ་དེ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་སྐྱོང་འགན་འཁྲི་ལག་བསྟར་བྱེད་པའི་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་། དཔྱད་གླེང་། དཔྱད་ཞིབ་བཅས་ཀྱི་ནང་དོན་དུ་བཅུག་སྟེ་ཏང་ཡོན་གྱི་སློབ་གསོའི་བྱེད་པོའི་འགན་འཁྲི་ཆེ་རུ་བཏང་ཡོད། །

 
རྩོམ་སྒྲིག་པ། : འཕགས་མོ་དོན་འགྲུབ།