ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་གྲོང་གསེབ་ཏུ་ཤེས་དཔལ་གྱི་རྣམ་པ་གསར་པ་ཐོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སངས་རྒྱས་སྐྱབས་ཀྱིས་བསྒྱུར   སྤེལ་དུས། : 2024-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གསར་འགོད་པ་མཚོ་སྔོན་གྱི་གྲོང་གསེབ་ཏུ་བསྐྱོད་པའི་ལམ་བར་དུ། ཕྱུག་འགྱུར་སྣེ་ཁྲིད་པའི་གྲོང་གསེབ་ཀྱི་ཁྱིམ་ཆེན་ནས་བློ་སྤོབས་ཆེ་བའི་གྲོང་ཚོ་ཨུ་ལྷན་གྱི་བར་དང་། རིམ་བཞིན་དར་རྒྱས་བྱུང་བའི་ཐོན་ལས་ནས་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་གྲོང་སྡེའི་འགྱུར་ལྡོག། རོང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཛུམ་མདངས་དང་གོ་རིམ་ལྡན་པའི་གྲོང་གསེབ་འཕེལ་རྒྱས་ཀྱི་ཁྲོད་ནས་མཚོ་སྔོན་གྱི་གྲོང་གསེབ་བཅོས་སྐྱོང་ལས་གྲོང་གསེབ་འཕེལ་རྒྱས་ལ་ཐོབ་པའི“ཁེ་སྤོགས”ཚོར་ཡོད། 

ཐེའོ་ལིན་གྲོང་ཚོའི་སྐྱེ་ཁམས་དང་ཐོན་སྐྱེད་གཉིས་ཀའི་འཕེལ་རྒྱས་དང་། གླིང་རྒྱ་ཞོལ་མ་གྲོང་ཚོའི་གོམས་སྲོལ་ལ་འགྱུར་ལྡོག་ཕྱིན་པ་ཡིན་ནའང་འདྲ། ཞི་ཅ་ཙུའེ་གྲོང་ཚོའི་བཅོས་སྐྱོང་ལ་མཁས་པའི་ལག་ལེན་གང་ལ་བལྟས་ཀྱང་། ང་ཚོས་ཏང་འཛུགས་སྐྱོང་སྣེ་ཁྲིད་དེ་གལ་འགངས་ཆེ་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་གྲོང་གསེབ་བཅོས་སྐྱོང་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་བཞིན་ཡོད་ལ།འགྱུར་མེད་སྟོབས་ལྡན་གྱི་གཞི་རིམ་ཏང་རྩ་འཛུགས་ནི་གྲོང་གསེབ་འཕེལ་རྒྱས་ཀྱི་སྲོག་ཤིང་ལྟ་བུ་ཡིན་པ་དང་། མཚོ་སྔོན་གྱི་གྲོང་གསེབ་འཕེལ་རྒྱས་ཁྲོད་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་འགག་རྩའི་ལེགས་ཆ་དེ་དམ་འཛིན་ནན་པོ་བྱས་ནས་ཏང་འཛུགས་སྐྱོང་གི་ལེགས་ཆ་རྒྱུན་མཐུད་དང་ཏང་འཛུགས་སྐྱོང་ལ་ཁྲིད་སྟོན་བྱས་ཏེ་རོང་འབྲོག་ཁུལ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་པོར་བཏང་ཡོད། 

དེ་དང་ཆབས་ཅིག་བཅར་འདྲིའི་སྐབས་མཚོ་སྔོན་གྱི་གྲོང་གསེབ་བཅོས་སྐྱོང་ཁྲོད་གྲོང་མི་རྣམས་གཞན་སྐུལ་དང་ལེན་བྱེད་པ་ནས་རང་འགུལ་ངང་ཞུགས་པར་གྱུར་ཡོད་པ་ཚོར་ལ། རྣམ་འགྱུར་འདིིའི་འགྱུར་ལྡོག་ནི་གལ་འགངས་ཆེ་བ་ཞིག་ཡིན་པ་དང་དེ་ནི་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་ཚོར་ཐུབ། དེའི་ནང་ང་ཚོས་གྲོང་མིའི་སྣེ་ཁྲིད་དེ་ཁྲིམས་སྐྱོང་གོ་རིམ་ལྡན་པ་དང་། སྤྱོད་བཟང་གིས་སྐྱོང་བ། རང་སྐྱོང་ལ་ཕན་པ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་། ཡུལ་བབ་དང་བསྟུན་པ་དང་ཐབས་ཇུས་ལག་བསྟར་བྱེད་པ། ཏང་གི་མགོ་ཁྲིད་ལམ་སྲོལ་དང“ཨུ་ལྷན་གཉིས”ཀྱི་མཐུན་སྦྱོར་ལམ་སྲོལ། ཏང་ནང་གི་གཞི་རིམ་ལམ་སྲོལ་དང་གྲོང་གསེབ་ཀྱི་གྲོང་མིའི་རང་སྐྱོང་ལམ་སྲོལ་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་འགག་རྩའི་ཐད་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ་མང་ཚོགས་བཅོས་སྐྱོང་བྱ་ཡུལ་ནས་བཅོས་སྐྱོང་བྱེད་པོར་བསྒྱུར་ཏེ་མང་ཚོགས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ནང་ཞུགས་རྒྱུའི་སྐུལ་སློང་བྱས་པར་བརྟེན་ཏེ་གྲོང་གསེབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་གོ་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་། 

འདྲེན་བྱེད་མིག་ལ་ལྗང་མདོག་རྣམ་པར་བཀྲ་ཞིང་སྤྲིན་པ་དཀར་པོས་ནམ་མཁའ་སྔོན་པོ་བརྒྱན། ད་ལྟའི་མཚོ་སྔོན་གྱི་གྲོང་གསེབ་ས་ཕྱོགས་གང་དུ་གནས་ཀྱང་མིག་ལམ་དུ་མངོན་པ་ནི་གཙང་ལ་གྲལ་དག་པའི་གྲོང་གསེབ་ཀྱི་བགྲོད་ལམ་རེ་རེ་དང་། རུ་སྐོར་འཆམ་མཐུན་གྱི་ཁྱིམ་ཚང་རེ་རེ། མཚར་སྡུག་གི་གྲོང་ཚོ་རེ་རེ་བཅས་ཡིན་ལ་དེ་དག་ནི་ཚོན་མདོག་རྣམ་པར་བཀྲ་བའི་རི་མོ་རེ་རེ་དང་འདྲ་བར་མཐོ་སྒང་གི་ཁྱོན་དུ་ཕབ་ཡོད། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་དེང་གི་དུས་འདིར་མཚོ་སྔོན་གྱི་གྲོང་གསེབ་སྔར་བས་མཛེས་སྡུག་ལྡན་པ་དང་སྔར་བས་འཆམ་མཐུན་དང་གོ་རིམ་ལྡན་པར་འགྱུར་བར་ཡིད་ཆེས་ཡོད།  །

 
རྩོམ་སྒྲིག་པ། : སངས་རྒྱས་སྐྱབས།