ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཞའོ་ཅུན་གྱིས་མཚོ་ནུབ་ཁུལ་དུ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་བའི་གནད་དོན་དག་ཐེར་ཡོ་བསྲང་ལས་དོན་ལ་ཡུལ་དངོས་ནས་ལྟ་སྐུལ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གཞིར་བཟུང་ནས། ཟླ12པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་མཚོ་ནུབ་ཁུལ་དུ་ཕེབས་ཏེ་ཡུལ་དངོས་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་བའི་གནད་དོན་དག་ཐེར་ཡོ་བསྲང་ལས་དོན་ལ་ལྟ་སྐུལ་གནང་བ་དང་། ཞིང་ཆེན་དང་ཁུལ། གྲོང་ཁྱེར་བཅས་རིམ་པ་གསུམ་མཉམ་འགུལ་བྱེད་པ། ཡུལ་དངོས་ནས་གཞུང་སྒྲུབ་བཀོད་གཏོང་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གནད་དོན་དག་ཐེར་ཡོ་བསྲང་ལ་སྟོབས་ཆེན་པོས་སྐུལ་འདེད་བཏང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་དངོས་འབེབས་ཟབ་མོ་བྱེད་པ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་གི་བླང་བྱ་དངོས་འབེབས་ནན་ཏན་བྱེད་པ། “རྒྱལ་དོན་གྱི་ཆེ་ཕྱོགས” ཡིད་ལ་དམ་པོར་འཛིན་པ། ཆབ་སྲིད་ཐོག་ལྟ་བ་དང་ཆབ་སྲིད་ཐོག་སྒྲུབ་པ། ཆབ་སྲིད་ཐོག་བཅོས་པ་བཅས་རྒྱུན་འཁྱོངས་བྱེད་པ། བཟུང་ནས་མི་གཏོང་བ་དང་མཐའ་འཁྲོལ་བར་བྱེད་པ། གཟབ་ནན་དང་མགྱོགས་མྱུར། ཚགས་དམ་པ། དངོས་གཉེར་གྱི་སྒོ་ནས་དག་ཐེར་ཡོ་བསྲང་ལ་ཞིབ་བཤེར་གཏིང་དཔག་པར་བྱས་ཏེ། སྔར་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

མཚོ་སྔོན་ཚྭ་མཚོ་རྒྱུ་གསུམ་ཅཱ་ཧྥེ་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ནས། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་སུ་ཁེ་ལས་ཀྱིས་ཁྲིམས་འགལ་ས་བཟུང་སོགས་ཀྱི་གནད་དོན་དག་ཐེར་ཡོ་བསྲང་གནས་ཚུལ་ལ་རྒྱུས་ལོན་མཛད་དེ། བཅོས་སྐྱོང་ལས་དོན་ཚད་ལྡན་ཅན་དུ་གཏོང་བར་ཕྱོགས་ཡོངས་ནས་ལེགས་པར་སྒྲུབ་དགོས་པའི་བླང་བྱ་བཏོན། མཚོ་སྔོན་ཚྭ་མཚོ་མའེ་ལས་རིགས་ཚད་ཡོད་ཀུང་སི་རུ། ཝུའུ་ཞའོ་ཅུན་གྱིས་ཁེ་ལས་ཀྱི་རླངས་བཟོས་ཀ་ར་དང་བསིལ་སྐམ་རྫིང་བུ་བཅོས་སྐྱོང་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་ནས། བདེན་དངོས་བཙན་གསུམ་གྱིས་དག་ཐེར་ཡོ་བསྲང་ནན་མོར་འཛིན་པ་དང་། ཐོན་ཁུངས་སྡུད་སྒྲིལ་གྲོན་ཆུང་དང་འཁོར་རྒྱུག་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས་པར་ནན་གྱིས་གསུངས། ན་གོར་མོ་གྲོང་ཁྱེར་ཚ་ཧན་ཐའེ་ཤར་ཁུལ་དུ། ཝུའུ་ཞའོ་ཅུན་གྱིས་ཁེ་ལས5དང་གཉེར་སྐྱོང་ཁྱིམ་ཚང2ཀྱི་དག་ཐེར་ཡོ་བསྲང་ལས་དོན་ལ་ཡུལ་དངོས་ནས་ལྟ་སྒྲུབ་མཛད་དེ། ཚན་རིག་དང་མཐུན་པར་དག་ཐེར་ཡོ་བསྲང་ཇུས་གཞི་བཟོ་བ་དང་དག་ཐེར་ཡོ་བསྲང་གི་འགན་འཁྲི་དུས་བཀག་གསལ་པོར་བྱས་ནས། ཕྱོགས་ཡོངས་ནས་རྒྱུད་ཁོངས་ལྡན་པར་དག་ཐེར་ཡོ་བསྲང་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། ན་གོར་མོ་ཙང་ཀུ་ཅཱ་ཧྥེ་ཚད་ཡོད་ཀུང་སི་རུ། ཝུའུ་ཞའོ་ཅུན་གྱིས་ཁེ་ལས་ཀྱི་སྒྲིག་འགལ་ཆུ་ལེན་ཆུ་སྤྱོད་སོགས་ཀྱི་གནད་དོན་དག་ཐེར་ཡོ་བསྲང་ཐད་བླང་བྱ་གསལ་པོ་བཏོན།

དེའི་རྗེས་སུ་འཚོགས་པའི་ལྟ་ཁྲིད་ཆེད་དོན་ཚོགས་འདུའི་ཐོག ཝུའུ་ཞའོ་ཅུན་གྱིས་མཚོ་ནུབ་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཨུ་སྲིད་གཞུང་དང་། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་མཉམ་དུ་གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་ཟབ་མོ་བྱས་ནས། ཕྱོགས་ཡོངས་ནས་དག་ཐེར་ཡོ་བསྲང་ལས་དོན་ལ་བཀོད་སྒྲིག་བྱས། ཁོང་གིས་ལངས་གནས་མཐོར་འདེགས་པ་དང་འགན་འཁྲི་ཕྲག་ཏུ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དུས་དང་རྣམ་པ་ཀུན་ཏུ་ཡིད་ལ་དམ་པོ་འཛིན་པ། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་ཚུལ་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་པ། རང་འགུལ་གྱི་ངོས་ལེན་དང་རྣམ་འགྱུར་བརྟན་པོ་ཡིན་པ། ཁོངས་གཏོགས་འགན་འཁྲི་དང་ལྟ་སྡོམ་འགན་འཁྲི། ཁེ་ལས་འགན་འཁྲི་བཅས་ངེས་པ་དོན་གྱིས་ཕྲག་ཏུ་བརྟན་པོར་འཁུར་བ། གནད་དོན་དག་ཐེར་ཡོ་བསྲང་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་བརྒྱབ་ནས། གནད་དོན་ཞིབ་བཤེར་གསལ་པོར་མ་བྱས་བར་དུ་མི་གཏོང་བ་དང་དག་ཐེར་ཡོ་བསྲང་ཚད་ཐིག་ལ་མ་སླེབས་བར་དུ་མི་གཏོང་བ། འགན་འཁྲི་དངོས་འབེབས་མ་བྱས་བར་དུ་མི་གཏོང་བ། མང་ཚོགས་ཡིད་མ་ཚིམ་བར་དུ་མི་གཏོང་བ་བཅས་སྒྲུབ་ཐུབ་དགོས། འགུལ་སྐྱོད་མྱུར་ཏུ་བྱེད་པ་དང་མཐའ་གཅིག་ཏུ་དག་ཐེར་ཡོ་བསྲང་བྱེད་པ། སྐུལ་ཞོར་བཅོས་ཞོར་ཇེ་དྲག་ཏུ་གཏོང་བ་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་པ། ལས་གཞི་ཆོག་འཐུས་འགག་སྒོ་དམ་པོ་འཛིན་པ། སྐོར་ཞིབ་དཔྱད་ཞིབ་འགག་སྒོ་དམ་པོར་སྲུང་བ། ཚྭ་མཚོ་ཐོན་ཁུངས་སྔོག་འདོན་ཁྲོད་ཀྱི་ཆུའི་ཐོན་ཁུངས་དང་སྐྱེ་ཁམས་ཁོར་སྲུང་ལྟ་རྟོག་ལྟ་སྡོམ་ལ་ཤུགས་སྣོན་པ། ཚད་གཞི་མཐོན་པོ་དང་ཕན་ཕྱོད་མཐོན་པོ། སྤུས་ཚད་མཐོན་པོ་སྒོས་འབུར་ཐོན་གནད་དོན་དག་ཐེར་ཡོ་བསྲང་ལེགས་པར་འཛིན་པ། སྐྱེ་ཁམས་ཁོར་ཡུག་གཏོར་བརླག་ཁ་གསབ་དང་སླར་གསོ་ལས་དོན་ནན་ཏན་སྒོས་ལེགས་པར་བསྒྲུབས་ནས། སྐྱེ་ཁམས་ཁོར་སྲུང་གྱོད་དོན་རྒྱབ་ལོག་གི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གཟབ་ནན་སྒོས་ཞིབ་བཤེར་ཐག་གཅོད་བྱེད་དགོས། ཟུར་བལྟས་ལེབ་མཐོང་དང་ཕྱོགས་ཡོངས་ལེབ་བཤེར་བྱེད་པ། སྐྱེ་ཁམས་ཁོར་ཡུག་གནད་དོན“ཞུ་གཏུག་ཆེན་པོ་དང་ལེབ་བཤེར་ཆེན་མོ། བཅོས་སྐྱོང་ཆེན་མོ། མཐོར་འདེགས་ཆེན་མོ”བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། ལས་རིགས་རང་བཞིན་དང་ཡུལ་ཁོངས་རང་བཞིན། མཉམ་འདུས་རང་བཞིན། རིམ་འདུས་རང་བཞིན་བཅས་ཀྱི་གནད་དོན་ལ་ཤུགས་ཆེན་པོ་བཏོན་ནས་ཐག་གཅོད་པ། ཡུན་ཕན་ལམ་སྲོལ་འཐུས་ཚང་བཙུགས་ནས། གནད་དོན་ཕྱོགས་ཡོངས་ནས་གཙང་སེལ་མཐིལ་མཐོང་དང་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་དགོས། ལྟ་སྡོམ་ཇེ་དྲག་ཏུ་གཏོང་བ་དང་གཟབ་ནན་གྱིས་ཁྲིམས་བསྟར་བ། འབྱུང་ཁུངས་ནས་ནན་འགོག་དང་བརྒྱུད་རིམ་ནན་སྡོམ། མཇུག་འབྲས་ནན་གཅོད་བཅས་རྒྱུན་འཁྱོངས་བྱེད་པ། དཔེ་མཚོན་གཙོར་བཟུང་ནས་ཟིང་ལོང་བཅོས་པ་དང་ཐབས་བཙན་པོས་སྦགས་བཅོས་རྒྱུན་འཁྱོངས་བྱས་ནས། ཁོར་ཡུག་ཁྲིམས་འགལ་ལ་རྡུང་རྡེག་ནན་མོ་གཏོང་བའི་མཐོ་གནོན་རྣམ་འགྱུར་དུས་དང་རྣམ་པ་ཀུན་ཏུ་སྲུང་འཛིན་བྱེད་དགོས། དཔེ་གཞིར་བརྟེན་ནས་ལེགས་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཚྭ་མཚོ་ཐོན་ཁུངས་སྡུད་སྒྲིལ་གྲོན་ཆུང་བེད་སྤྱོད་ཇེ་དྲག་ཏུ་གཏོང་བ་དང་། ཐོན་ལས་ལྗང་མདོག་འཕེལ་རྒྱས་སྐུལ་འདེད་གཏོང་བ། གསར་གཏོད་སྒུལ་བྱེད་ནུས་པ་མཐོར་འདེགས་པ་བཅས་ལ་དམིགས་ནས། ཚྭ་མཚོ་ཐོན་ལས་སྡུད་སྒྲིལ་ཅན་དང་ལྗང་མདོག་ཅན། ལེགས་གྲས་ཅན་གྱི་ཕྱོགས་ལ་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ལིའུ་ཐའོ་མཉམ་དུ་རྟོག་ཞིབ་ལ་ཞུགས། །

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།