ཀྲུང་གོ་བོད་ཀྱི་དྲ་བ།

དཔའ་ལུང་རྫོང་གིས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ལས་སྒོའི་ལས་དོན་ལ་སྐུལ་འདེད་བཏང་སྟེ་མཉམ་གཅིག་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོ།   སྤེལ་དུས། : 2023-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་གཙོ་གནད་ལས་འགན་ལ་གཞིགས་ནས། སྤྱིའི་ནང་དོན་གཅིག་དང་བླངས་ཕྱོགས་གཅིག གཙོ་རྒོལ་བྱ་ཡུལ་གཅིག་བཅས་གཙོ་གནད་དུ་བཟུང་ནས། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ལས་སྒོའི་ལས་དོན་མཉམ་དུ་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་།

བསམ་བློ་ཐད་ཤུགས་བསྣན་ཏེ། “སྤྱིའི་ནང་དོན་གཅིག”འབུར་དུ་ཐོན་པར་བྱེད་པ་དང་། “སློབ་སྦྱོང་རང་བཞིན”གྱི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མཛུབ་སྟོན་དུ་བྱས་པ་དང་། རྫོང་གི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་དང་རྫོང་གི་ཏང་གཤིས་སློབ་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། “གྲོས་གཞི་ཨང་དང་པོ”དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”། བརྗོད་བྱ་གཙོ་བོའི་ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་དོན་འཁྱོལ་གང་ལེགས་བཅས་བྱས་ཏེ། དར་ཆ་བསྒྲེངས་བ་དང་མཐུན་སྒྲིལ་དབ་ཟབ་བྱེད་པ། སྣང་བརྙན་ལེགས་པོ་བསྐྲུན་པའི་ལས་འགན་ལེགས་འགྲུབ་བྱུང་། མིག་སྔར་རྫོང་ཡོངས་ཀྱི་ཏང་ཀྲི་པུའུ573ལ་ཏང་གཤིས་སློབ་གསོ་ཡོངས་སུ་ཁྱབ་ཡོད་པ་རེད།

རྩ་འཛུགས་ལ་ཤུགས་བསྣན་ཏེ།“བླངས་ཕྱོགས་གཅིག”འབུར་དུ་ཐོན་པར་བྱེད་པ་དང་། དཔེ་སྟོན་ལས་ཁུངས་གསར་འཛུགས་བྱེད་པའི་བྱེད་སྒོ་དེ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། ཏང་གི་ལས་དོན་གཙང་བཤེར་དང་དག་ཐེར་བཅོས་སྐྱོང་བྱེད་པའི“ཕྱིར་མིག་ལྟ་བ”དང་། ལས་ཁུངས་ཀྱི་ཏང་གི་ལས་དོན་སྒྲུབ་མཁན་ལ་ཐོ་འགོད་བྱེད་པའི་ལམ་ལུགས་འཛུགས་པ། སྲིད་འཛིན་གཙོ་འགན་འཁུར་མཁན་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་འགན་གཅིག་ལྕོགས་བྱེད་པར་སྐུལ་སྤེལ་གཏོང་བ་བཅས་དང་། ལས་ཁུངས་ཀྱི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་གྱི་ཉེན་བརྡ་གཏོང་བའི་ལམ་ལུགས་འཛུགས་པ་སོགས་ལ་བརྟེན་ནས། གཞི་རིམ་གྱི་ཏང་རྩ་འཛུགས་ཁྱོན་ཡོངས་ནས་ཡར་རྒྱས་གོང་འཕེལ་དུ་འགྲོ་བ་་དང་ཁྱོན་ཡོངས་ནས་སྲ་བརྟན་ཏུ་འགྲོ་བར་སྐུལ་འདེད་བྱས།  མིག་སྔར་དཔེ་སྟོན་སྡེ་ཁག་གསར་སྐྲུན་ཚོད་ལྟའི་ས་ཚིགས་བདམས་པ་དང་། རྫོང་ཡོངས་ཀྱི་ལས་ཁུངས་དང་སྡེ་ཁག་ཏུ་གསར་གཏོད་བྱ་རྒྱུར་སྐུལ་ཁྲིད་བྱས།

མཉམ་འདྲེས་ལ་ཤུགས་བསྣན་ཏེ“གཙོ་རྒོལ་བྱ་ཡུལ་གཅིག”འབུར་དུ་ཐོན་པར་བྱེད་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོར་བཙུགས་ཏེ“མཉམ་འབྲེལ་གཅིག་དང་རོགས་རེས་གཉིས”དང་། སྡེ་ཁུལ་གྱི་བཅའ་སྡོད་མཉམ་སྐྲུན། སྡེ་ཁུལ་གྱི“ཐོ་འགོད་གཉིས”སོགས་ཀྱི་ལས་དོན་ལ་དམིགས་ཏེ། ཏང་ཡོན་རྒྱུན་གཏན་ཅན་གྱི་སྒོ་ནས་གཞི་རིམ་དུ་བསྐྱོད་དེ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་དགོས་ལ། སྡེ་ཁག་སོ་སོས་ཏང་འཛུགས་སྐྱོང་དང་ལས་སྒོའི་ལས་དོན་མཉམ་འགུལ་རྣམ་པའི་གདེང་འཇོག་དང་། གཞི་གཅིག་ཅན་གྱི་དཔྱད་ཞིབ་ལག་བསྟར་བྱས་ཏེ་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་ལ་ཕན་འབྲས་དངོས་སུ་ཐོབ་པར་སྐུལ་འདེད་གཏོང་དགོས། མིག་སྔར་བསམ་འདུན་མཚོན་བྱ85བླངས་བ་དང་དམངས་ལ་དོན་དངོས186སྒྲུབ་པ་རེད།   །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།