ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གཞི་རིམ་གཞུང་ལུགས་དྲིལ་སྒྲོག་གི་ཚོགས་པ་གཅིག་དང་མི་སྒེར་གཅིག་བརྙན་ཐུང་གཅིག་བཅས་ལ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་གཟེངས་བསྟོད་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས4ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་ཤེས་གསལ་ལྟར་ན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཉེ་སྔོན2023ལོའི་གཞི་རིམ་གཞུང་ལུགས་དྲིལ་སྒྲོག་སྔོན་ཐོན་ཚོགས་པ་དང་མི་སྒེར། ཕུལ་བྱུང་གཞུང་ལུགས་དྲིལ་སྒྲོག་སྙན་ཞུ་དང་བརྙན་ཐུང་ལ་གཟིགས་བསྟོད་བྱས། རང་ཞིང་གི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་སྒྲོག་འགྲེལ་ཚོགས་པར“གཞི་རིམ་གཞུང་ལུགས་དྲིལ་སྒྲོག་སྔོན་ཐོན་ཚོགས་པའི”གཟི་བརྗིད་མཚན་སྙན་ཐོབ། མཚོ་སྔོན་དགེ་འོས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཧུའོ་ཞ་ལ“གཞི་རིམ་གཞུང་ལུགས་དྲིལ་སྒྲོག་སྔོན་ཐོན་མི་སྒེར”གྱི་གཟི་བརྗིད་མཚན་སྙན་ཐོབ། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་སྨྱན་བྱེད་འདྲེས་སྦྱོར་ལྟེ་གནས་བརྡ་ཁྱབ་གཉེར་སྐྱོང་སྡེ་ཁག་གི་ཀྲུའུ་རེན་ནམ་རོགས་སྒྲུབ་གསར་འགོད་པ་པའེ་ཝན་ལིས་འོས་སྦྱོར་བྱས་པའི་དྲིལ་སྒྲོག་བརྙན་ཐུང《ཚོགས་ཆེན་ཉི་ཤུ་པ་དྲིལ་སྒྲོག་བྱེད》ཅེས་པ་ཕུལ་བྱུང་གཞུང་ལུགས་དྲིལ་སྒྲོག་བརྙན་ཐུང་དུ་བདམས།

ཐེངས་འདིའི་གཟེངས་བསྟོད་ཐོབ་པའི་ཚོགས་པ་དང་མི་སྒེར་ནི། དུས་ཡུན་རིང་པོར་གཞི་རིམ་ཡུལ་དངོས་དང་པོར་རྐང་འཛུགས་པར་རྒྱུན་འཁྱོངས་བྱས་པ་དང་སྤྱི་ཚོགས་མང་ཚོགས་ལ་ཞབས་འདེགས་ཞུ་བར་དམིགས་པ་དང་། བརྙན་ཐུང་དྲིལ་སྒྲོག་བརྩམས་ཆོས་ལ་ས་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་ཡོད་པས། དེར་བལྟས་རྗེས་བསམ་གཞིག་ཡོད་ལ་བློ་སྐྱེད་ཀྱང་ཡོད། བསྟུད་མར་ལོ་འགའི་རིང་གི་གཟི་བརྗིད་མཚན་སྙན་གྱིས་རང་ཞིང་གི་གཞི་རིམ་གཞུང་ལུགས་དྲིལ་སྒྲོག་ལས་དོན་ལ་མིག་དཔེ་བསླངས་ཡོད། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་དཔེ་སྟོན་གྱི་སྣེ་ཁྲིད་འོག་དང་། གཞི་རིམ་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྐུལ་འདེད་འོག རང་ཞིང་གི་གཞི་རིམ་གཞུང་ལུགས་དྲིལ་སྒྲོག་ལས་དོན་ལ་མུ་མཐུད་དུ་རྣམ་པ་དང་དྲིལ་སྒྲོག་བྱེད་ཐབས་གསར་གཏོད་བྱས་པ་དང་། གཞི་རིམ་དྲིལ་སྒྲོག་ལས་དོན་གཏིང་ཟབ་སར་སྐྱོད་པ་དང་དངོས་ལ་འབེབས་པ། སེམས་ལ་གཤེགས་པ་བཅས་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྒྲོག་འགྲེལ་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཡོད། །

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།