ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་དཔེ་དང་ཕྱིར་ལྡོག་གནད་དོན་དག་ཐར་ཡོ་བསྲང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས3ཉིན། ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་དཔེ་དང་ཕྱིར་ལྡོག་གནད་དོན་དག་ཐེར་ཡོ་བསྲང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་ལས་དོན་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཕེབས་པར་མ་ཟད་བཀོད་སྒྲིག་གནང་།

ཁྲེན་ཀང་གིས། ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་དོན་དགོངས་པ་ལག་ལེན་དུ་བཏབ་པའི་ཚད་བསྡུར་ཐེངས་ཤིག་ཡིན་ལ། རིམ་པ་སོ་སོའི་སྡེ་ཁག་སོ་སོས་སྐྱེ་ཁམས་སྔོན་འགྲོ་དང་གྲོན་ཆུང་སྡེབ་སྒྲིལ། ལྗང་མདོག་ཐཱན་དམའ་བཅས་ཀྱི་འཕེལ་རྒྱས་བླང་བྱའི་ཡང་བསྐྱར་སློབ་གསོ་ཐེངས་ཤིག་ཀྱང་ཡིན། ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཚན་ཆུང་གིས་བརྡ་ཁྱབ་བཏང་བའི་དཔེ་མཚོན་གྱོད་དཔེ་ནི། བློ་ཡུལ་ལས་འདས་པ་དང་མི་ལ་ཉེན་བརྡ་དང་སད་རྟོགས་སྦྱིན་པར་བྱེད། ང་ཚོའི་ལས་དོན་ཁྲོད་ད་དུང་མི་འདང་ས་དང་ཞན་ཆ་མང་པོ་ཡོད་པ་ཕྱིར་བཏོན་ཡོད་ཅེས་གསུངས།

ཁྲེན་ཀང་གིས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དཔེ་མཚོན་གྱོད་དཔེ་ཁྲོད་བསླབ་བྱ་ཟབ་མོ་ལེན་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱེད་པ། གནད་དོན་དག་ཐེར་ཡོ་བསྲང་བྱེད་པ་དེ་ཆབ་སྲིད་ལངས་གནས་མཐོ་མི་མཐོ་དང་ཆབ་སྲིད་འགན་འཁྲི་དྲག་མི་དྲག་གི་དངོས་ཡོད་བརྟག་བཤེར་དུ་འཛིན་པ། ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོས་ངེས་པ་དོན་གྱིས་འགན་འཁྲི་ཕྲག་ཏུ་ལེན་པ་དང་། མྱུར་ཏུ་འགུལ་སྐྱོད་བྱེད་པ། བཟུང་བ་ནས་མཐའ་འཁྱོལ་བར་བྱེད་པ། གནད་དོན་དག་ཐེར་ཡོ་བསྲང་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཚན་ཆུང་གིས་བཏོན་པའི་ལས་དོན་བླང་བྱ་ཁག་དངོས་འབེབས་ནན་ཏན་བྱེད་དགོས། གཟབ་ནན་བེད་ཆོད་ཀྱི་ལམ་ལུགས་ལམ་སྲོལ་འཛུགས་པ་དང་། ཚྭ་མཚོ་ཐོན་ཁུངས་སྔོག་འདོན་ཁྲོད་ཀྱི་ཆུའི་ཐོན་ཁུངས་དང་སྐྱེ་ཁམས་ཁོར་སྲུང་ལྟ་རྟོག་ལྟ་སྡོམ་ལ་ཤུགས་བསྣན་ནས། ཆོག་མཆན་མེད་པའི་སྔོག་འདོན་དང་གཞི་རྒྱ་ལས་བརྒལ་བའི་སྔོག་འདོན། སྒྲིག་འགལ་ཆུ་ལེན་ཆུ་སྤྱོད། ཁྲིམས་འགལ་ས་བཟུང་སོགས་ཀྱི་གནད་དོན་ལ་རྡུང་རྡེག་ནན་མོ་གཏོང་དགོས། གནད་དོན་ཕྱོགས་ཡོངས་ནས་གསལ་པོར་འཚོལ་བ་དང་། ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་དང་འབྲེལ་བའི་དོན་དག་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས་པར་མ་ཟད། རྒྱབ་ལོག་ཏུ་འགན་སྒྲུབ་གནད་དོན་དང་སྤྱོད་ཚུལ་གནད་དོན། རུལ་སུངས་གནད་དོན་བཅས་དང་འབྲེལ་བ་ལ་ཁྲིམས་དང་སྒྲིག་ལམ་ལྟར་དུ་འགན་འཚོལ་འགན་འདྲི་ནན་མོ་ཡང་བྱེད་དགོས། ཟུར་བལྟས་ལེབ་མཐོང་རྒྱུན་འཛིན་བྱེད་པ་དང་། རང་འགུལ་གྱིས་ཁུར་ལེན་པ། མི་ལེན་པ་དང་མི་གཡོལ་བ་། མི་སྦས་པ། མི་འཇིགས་པ་བཅས་བྱེད་པ། བྱ་གཞག་ལ་འགན་ཁུར་བའི་རྣམ་འགྱུར་གྱིས་ཉམས་ཚོད་དང་ལེན་བྱེད་པ། སྐྱེ་ཁམས་ཁོར་ཡུག་གནད་དོན་རིགས་འདྲ་འབུར་ཐོན་ལ་སྟོབས་དང་ལྡན་པའི་བྱེད་ཐབས་ཀྱིས་ཐག་གཅོད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་འཛུགས་པ་དང་རི་ཆུང་ནགས་ཞིང་མཚེའུ་རྩྭ་ཐང་དང་བྱེ་ཐང་ཆབ་རོམ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་རྒྱུད་ཁོངས་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ་སོགས་ཀྱི་ཕྱོགས་ལ་བསྟུད་མར་ཤུགས་བཏོན་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ཐད་མུ་མཐུད་དུ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཝུའུ་ཞའོ་ཅུན་གྱིས། ས་གནས་སོ་སོའི་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ་དང་། ཆབ་སྲིད་ཐོག་ནས་ལྟ་བ་དང་ཆབ་སྲིད་ཐོག་ནས་སྒྲུབ་པ། ཆབ་སྲིད་ཐོག་ནས་ལེགས་བཅོས་བྱེད་པ། གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པ། ཁྲིམས་ལྟར་སྒྲུབ་པ་བཅས་རྒྱུན་འཁྱོངས་བྱེད་པ། སྔར་ལས་བློ་ཐག་ཆོད་པའི་རྣམ་འགྱུར་དང་སྔར་ལས་མགྱོགས་པའི་འགུལ་སྐྱོད། སྔར་ལས་སྟོབས་དང་ལྡན་པའི་བྱེད་ཐབས་བཅས་ལ་བརྟེན་པ། ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་དཔེ་དང་ཕྱིར་ལྡོག་གནད་དོན་དག་ཐེར་ཡོ་བསྲང་མཐའ་གཅིག་ཏུ་རྩ་བ་ནས་སྒྲུབ་ཐུབ་པར་བྱས་ཏེ། དག་ཐེར་ཡོ་བསྲང་གྲུབ་འབྲས་མི་དམངས་དང་ལག་ལེན། ལོ་རྒྱུས་བཅས་ཀྱི་ཉམས་ཚོད་ཐེག་པར་ཁག་་ཐེག་བྱེད་དགོས་ཞེས་གསུངས།

ཝུའུ་ཞའོ་ཅུན་གྱིས། དཔེ་མཚོན་གྱོད་དཔེ་ལ་དམིགས་པ་དང་། གནད་འགག་གཙོ་བོ་འཛིན་ཐུབ་པ། གནད་དོན་གྱི་རྒྱུ་རྐྱེན་ལ་ཞིབ་འཇུག་དབྱེ་ཞིབ་བྱེད་པ། ཚན་རིག་དང་མཐུན་པར་དག་ཐེར་ཡོ་བསྲང་གི་བྱེད་ཐབས་བཟོ་བ། “གནད་དོན་གཅིག་ལ་བྱེད་ཐབས་གཅིག”དང“ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”ལག་ཏུ་བསྟར་ནས། འཕྲལ་སྒྲུབ་འཕྲལ་བཅོས་ཀྱི་ཕན་འབྲས་ཆགས་པར་དམ་འཛིན་བྱེད་དགོས། “ཏང་སྲིད་འགན་གཅིག”དང“ལས་རྐང་གཅིག་ལ་འགན་འཁྲི་གཉིས”གཟབ་ནན་གྱིས་དངོས་འབེབས་བྱེད་པ། ཁོངས་གཏོགས་དང་སྡེ་ཁག ཁེ་ལས་བཅས་ཀྱི་འགན་འཁྲི་ནན་འཛིན་དངོས་འཛིན་བྱས་ནས། འགན་འཁྲི་མིའི་ཐོག་ལ་དངོས་འབེབས་བྱེད་པ་དང་ལས་འགན་ལས་རྐང་ཐོག་ཏུ་བགོ་བ། གནོན་ཤུགས་ཚད་ཐིག་ཐོག་ཏུ་བརྒྱུད་སྤྲོད་བྱེད་པར་ཁག་ཐེག་བྱེད་དགོས། སྐུལ་ཞོར་བཅོས་ཞོར་མགྱོགས་པ་དང་གནད་ལ་འཁེལ་བ། ཞིབ་མོ། དངོས་གཉེར་བཅས་ཀྱིས་ལེགས་པར་འཛིན་པ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ལ་མང་ཚོགས་ཀྱིས་འཕྲིན་བཅར་ཞུ་གཏུག་གྱོད་གཞི་རང་འགུལ་གྱིས་ངོས་ལེན་དང་གསལ་ཐོ་ལྟར་ཚང་མ་ལེན་པ། ཆ་རྐྱེན་མི་འདོན་པ་དང་རྒྱུ་རྐྱེན་མི་བཤད་པ། མྱུར་ཏུ་སྒྲུབ་པ་དང་ཟབ་བཤེར་ཞིབ་བཅོས་བྱས་ནས། ཚན་རིག་དང་མཐུན་པ་དང་ཁྲིམས་ལ་བརྟེན་པ། ཕྱོགས་ཡོངས་དང་རྩ་བ་ནས་དག་ཐེར་ཡོ་བསྲང་ངེས་པ་དོན་གྱིས་སྒྲུབ་ཐུབ་པར་བྱེད་དགོས། རྩ་ལག་མཉམ་བཅོས་འབུར་དུ་དོད་པ་དང་། དག་ཐེར་ཡོ་བསྲང་ལས་དོན་དང་སྲོལ་ཛུགས་ཁྲིམས་བཅའ་གཉིས་ལ་མཉམ་དུ་སྐུལ་བ། གནད་དོན་གཅིག་ཐག་གཅོད་པ་དང་ཁྱབ་ཁོངས་གཅིག་ཚད་ལྡན་དུ་གཏོང་བ། ལམ་ལུགས་གཅིག་འཐུས་ཚང་དུ་གཏོང་བ་བཅས་བརྒྱུད་ནས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་དགོས། བསླབ་བྱ་ཟབ་མོ་སྡུད་ལེན་བྱེད་པ་དང་། གཟབ་ནན་དང་གནད་འཁེལ། ཕན་འབྲས་ལྡན་པའི་སྒོ་ནས་འགན་འཚོལ་འགན་འདྲི་བྱས་ཏེ། ཉེན་བརྡའི་སློབ་གསོ་ཇེ་དྲག་ཏུ་གཏོང་དགོས། སྙན་ཞུ་གླེལ་མོལ་ལ་ཤུགས་སྣོན་པ་དང་ཞབས་ཞུ་འགན་སྲུང་ལེགས་པར་སྒྲུབ་པ། སྲིད་ཇུས་དྲིལ་སྒྲོག་ཆེར་སྐྱེད་པ། སྤྱི་ཚོགས་ཀྱི་སེམས་ཁུར་ལ་ལན་བཏབ་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་སྟོབས་ལྡན་པ་དང་གོ་རིམ་ཡོད་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་གསུངས།

ཚོགས་ཐོག་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་དཔེ་དང་འབྲེལ་བའི་གནས་ཚུལ་དང་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན་བརྒྱུད་སྤྲོད་ལས་སྒྲུབ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་སྲིད་གཞུང་དང་སྡེ་ཁག་གིས་རྣམ་འགྱུར་སྟོན་པའི་གཏམ་བཤད།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་མགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཚོགས་འདུར་ཞུགས། །

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།