ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཁང་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྐོར་ཐེངས་གསར་བའི་ཞིང་ཆེན་དང་པུའུ་ཡི་མཉམ་ལས་གྲོས་གཞིར་མིང་རྟགས་བཀོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན྄་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས3ཉིན། ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྐོར་ཐེངས་གསར་བའི་ཞིང་ཆེན་དང་པུའུ་མཉམ་ལས་གྲོས་གཞིའི་མིང་རྟགས་འགོད་པའི་མཛད་སྒོ་ཟི་ལིང་དུ་བསྡུས་པ་དང་། མཚོ་སྔོན་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གནམ་གཤིས་ཞབས་ཞུའི་འགན་སྲུང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་སུ་བཏང་། ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ། ཅུའུ་ཀྲང་ཁྲིན་ཀྲིན་ལིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཉམ་དུ་ཞིང་ཆེན་དང་པུའུ་མཉམ་ལས་གྲོས་གཞིར་མིང་རྟགས་བཀོད་པ་མ་ཟད་གཏམ་བཤད། 

ཁྲིན་ཀྲིན་ལིན་གྱིས་ཞིང་ཆེན་དང་པུའུ་མཐུན་འགྲིག་མཉམ་སྐྲུན་ཐད་ཕན་འབྲས་བླངས་པར་ཁས་ལེན་གང་ལེགས་གནང་སྟེ་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ཤུགས་འདོན་སའི་ཁ་ཕྱོགས་སྔར་ལས་གསལ་བོར་བྱས་པ་དང་། མུ་མཐུད་ནས་ཞིང་ཆེན་དང་པུའུ་ཡི་མཉམ་ལས་ཟབ་སྤེལ་བྱས་ཏེ། གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕན་འབྲས་ཀྱིས་མཚོ་སྔོན་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་འགན་སྲུང་བྱེད་པ་དང་། མཚོ་སྔོན་གྱི་གནམ་གཤིས་གནོད་སེལ་གནོད་འགོག་ཕན་འབྲས་མཐོར་འདེགས་སུ་གཏོང་བ་དང་། གནམ་གཤིས་ཀྱི་གནོད་འགོག་གནོད་སེལ་དེ་ཞིང་ཆེན་ཡོངས་ཀྱི་གཞི་རིམ་དྲ་མིག་ཅན་གྱི་རང་བྱུང་གནོད་འཚེའི་འགོག་བཅོས་མ་ལག་འཛུགས་སྐྲུན་ཁྲོད་སྐུལ་འདེད་བཏང་སྟེ། གནམ་གཤིས་གནོད་འཚེའི་ཉེན་བརྡའི་བརྡ་འཕྲིན་སྒྲིག་སྲོལ་ཤུགས་དྲག་ཏུ་གཏོང་དགོས། མཚོ་སྔོན་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འགན་སྲུང་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་གྱི་འཐབ་ཇུས་ཆེན་པོའི་ཕན་ཚུན་འཚམས་པའི་གནམ་གཤིས་ཞབས་ཞུའི་འགན་སྲུང་མ་ལག་སྒྲིག་འཛུགས་འཐུས་ཚང་དུ་བཏང་ནས། གནམ་གཤིས་མཉམ་འདྲེས་ཀྱི་ལས་རིགས་སོ་སོར་སྐུལ་འདེད་གཏོང་དགོས། གནམ་གཤིས་འགྱུར་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཚོ་སྔོན་མ་དཔེ་གསར་སྐྲུན་བྱས་ཏེ། “ཐཱན་གཉིས”འཐབ་ཇུས་དང་དམ་དུ་འབྲེལ་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཐོ་ས་འཛུགས་སྐྲུན་ལ་དམིགས་ནས། སྐྱེ་ཁམས་གནམ་གཤིས་འགན་སྲུང་བཟོ་སྐྲུན་ལག་བསྟར་བྱེད་དགོས། མཚོ་སྔོན་གནམ་གཤིས་རྨང་གཞིའི་ལས་གཉེར་དང་ཚན་རྩལ་གསར་གཏོད་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མཚོ་བོད་མཐོ་སྒང་གི་གནམ་གཤིས་ཞབས་ཞུའི་འགན་སྲུང་ནུས་ཤུགས་དང་གནམ་གཤིས་ཚན་རྩལ་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། གནམ་གཤིས་མཐོ་རིམ་འཇོན་མི་གསོ་སྐྱོང་དང་ནང་འདྲེན། སྲིད་ཇུས་དང་མ་དངུལ་སོགས་ཐད་རྒྱབ་སྐྱོར་བྱས་ཏེ། མཉམ་དུ་མཚོ་བོད་མཐོ་སྒང་སྐྱེ་ཁམས་གཞི་གྲངས་ཆེན་པོའི་ལྟེ་གནས་སོགས་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གི་ཚབ་བྱས་ཏེ་ཀྲུང་གོའི་གནམ་གཤིས་བརྟག་དཔྱད་ཅུའུ་ཀྲང་གིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་བྱ་བའི་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། ཏན་ཏིག་གིས་ཞིང་ཆེན་དང་པུའུ་ཡི་མཉམ་ལས་གྲོས་གཞི་ལག་ལེན་དོན་འཁྱོལ་བྱས་པ་དང་། གནམ་གཤིས་གནོད་འགོག་གནོད་སེལ་གྱི“སྣེ་ཁྲིད”གོ་གནས་སྔར་ལས་འབུར་ཐོན་དུ་བྱས་ཏེ། ས་གནས་ལ་ཞབས་ཞུ་བྱེད་པའི་བྱེད་ནུས་སྔར་ལས་གལ་ཆེ་བ་དང་། “སྒུལ་ཤུགས”འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་སྔར་ལས་འཛོམས་པོ་དང་། གནམ་གཤིས་ལས་དོན་དུས་ཡུན་རིང་བོར་ཡར་རྒྱས་བྱུང་། དེང་སྐབས། མཚོ་སྔོན་དེ་ལོ་རྒྱུས་ཀྱི་ཆེས་ལེགས་པོའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་ཁེལ་ཡོད་ཅིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནམ་གཤིས་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་། མཚོ་སྔོན་དུ་རྟོག་ཞིབ་དུ་ཕེབས་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ནས། སྐོར་རིམ་གསར་བའི་མཉམ་ལས་གྲོས་གཞིར་མིང་རྟགས་འགོད་པ་དེ་གོ་སྐབས་སུ་བྱས་ཏེ། སྟེགས་བུའི་བྱེད་ནུས་འདོན་སྤེལ་དང་། འགན་ནུས་ལས་འགན་ལག་བསྟར་བྱས་ཏེ། ལས་འགན་ལག་བསྟར་དང་། མཐུན་འགྲིག་ཤུགས་དྲག་ཏུ་བཏང་སྟེ། སྒྲིག་སྲོལ་འཐུས་ཚང་དང་། སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། གནོད་འགོག་གནོད་སེལ། མཁའ་དབུགས་ཀྱི་འགྱུར་བར་གདོང་གཏོད་པ། ཚན་རྩལ་གསར་གཏོད་མ་ལག་གསར་བ་འཛུགས་སྐྲུན། གྲངས་འཛིན་མཚོ་སྔོན་འཛུགས་སྐྲུན་སོགས་ཐད་ཀྱི་མཉམ་ལས་དང་། ཕན་ཚུན་སྐུལ་འདེད་བཅས་བྱས་ཏེ། ཀྲུང་གོ་ཅན་གྱི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་བྲིས་ནས། གནམ་གཤིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་ཟེར། 

གྲོས་གཞི་ལྟར། ཕྱོགས་གཉིས་ཀྱིས་མཉམ་དུ་སྒོ་འབྱེད་མཉམ་འདྲེས་ཀྱི་ཚན་རྩལ་གསར་གཏོད་མ་ལག་འཛུགས་སྐྲུན་བྱས་ཏེ། གནམ་གཤིས་འགྱུར་བའི་སྔོན་བསྐྱོད་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་དཔལ་ཡོན་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གྱི་གནམ་གཤིས་ཞབས་ཞུའི་འགན་སྲུང་ནུས་ཤུགས་མཐོར་འདེགས། གནམ་གཤིས་ཀྱི་གནོད་སེལ་གནོད་འགོག་རྨང་གཞིའི་ནུས་ཤུགས་འཛུགས་སྐྲུན་ཤུགས་དྲག་ཏུ་བཏང་ནས། ཆུ་ཚད་མཐོ་བའི་གནམ་གཤིས་བརྡ་འཕྲིན་ཅན་འཕེལ་རྒྱས་སུ་བཏང་སྟེ། ཕྱོགས་གཉིས་ཀྱི་འཆར་གཞིའི་ནོར་སྲིད་སྒྲིག་སྲོལ་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་རེད། 

ཀྲུང་གོ་གནམ་གཤིས་ཅུའུ་ཡི་ཏང་ཙུའི་ཁོངས་མིའམ་ཅུའུ་ཀྲང་གཞོན་པ་ཀྲང་ཙུའུ་ཆང་མཛད་སྒོར་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་མགོ་འཛིན་གནང་།  །

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།