ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས4ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་ཏེ་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་ནས་བཟུང་ཞིང་ཆེན་སྲིད་གཞུང་གིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་དོན་མི་སྣར་ཁྲིམས་ལྟར་རྩ་ཁྲིམས་ལ་དམ་བཅའ་འཇོག་པར་རྩ་འཛུགས་བྱས།   ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་དམ་བཅའ་འཇོག་པར་ལྟ་སྐུལ་བྱས། 

དམ་བཅའ་འཇོག་པའི་མཛད་སྒོའི་ཡུལ་དངོས་སུ་ཚང་མ་གུས་སྟབས་ཀྱིས་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་།  དེའི་རྗེས་ནས་དམ་བཅའ་འཇོག་པའི་སྣེ་ཁྲིད་པས་ལག་ཏུ་རྩ་ཁྲིམས་དཔེ་དེབ་བཟུང་ནས་དམ་ཚིག་ངག་འདོན་བྱས་ཤིང་།  དམ་བཅའ་འཇོག་མཁན་གཞན་དག་གིས་གྲལ་བསྒྲིགས་ཏེ་སྣེ་ཁྲིད་པའི་རྗེས་སུ་འབྲངས་ནས་དམ་ཚིག་ངག་འདོན་བྱས། 

དམ་བཅའ་བཞག་རྗེས་ཝང་ལིན་ཧུའུ་ཡིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་སྐུལ་འདེད་བཏང་པའི་ལམ་ལུགས་གལ་ཆེན་ཞིག་དང་རྩ་ཁྲིམས་ཀྱི་ཁེ་དབང་ལ་སྲུང་སྐྱོང་དང་རྩ་ཁྲིམས་ལག་བསྟར་བྱེད་པར་བདེན་དཔང་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་སྲིད་ཇུས་ལག་བསྟར་བྱེད་པ། རྩ་ཁྲིམས་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཕུགས་འདུན་དང་ཆོད་སེམས་མངོན་པར་མཚོན་ཡོད། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་འཛད་སྒོ་སྤེལ་བ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་མཐར་ཕྱིན་བྱེད་པ་དེ་མཚོན་ཡོད་ལ། རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གཏིང་ཟབ་ངང་སྤེལ་བའི་བྱེ་བྲག་གི་ལག་ལེན་ཞིག་ཀྱང་ཡིན་པས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་ཤེས་རྟོགས་གཏིབ་ཟང་བྱེད་དགོས་པ་དང་། རྒྱུན་འཁྱོངས་བཅུ་གཅིག་གི་བརྗོད་དོན་གཙོ་བོ་དང་དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་ཡང་དག་ངང་བྱང་ཆུད་དགོས།  ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཕྱོགས་ནས་ལངས་ཏེ་མི་དམངས་མང་ཚོགས་ལ་སྔར་བས་ལ་རྒྱ་ཡོད་དུ་འཇུག་དགོས་པ་མ་ཟད། མི་དམངས་མང་ཚོགས་ལ་སྔར་ལས་ལྷག་པའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་ཡོད་དུ་འཇུག་དགོས། ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱས་ཏེ་ཁྲིམས་སྐྱོང་རིག་ལམ་དང་ཁྲིམས་སྐྱོང་བྱེད་ཐབས་ཐོག་མཐའ་བར་གསུམ་དུ་བཅོས་བསྒྱུར་ཟབ་སྤེལ་བྱས་ནས།  འཕེལ་རྒྱས་ལ་སྐུལ་འདེད་གཏོང་པ་དང་། འགལ་ཟླ་སེལ་བ། བརྟན་བརླིང་སྲུང་སྐྱོང་། ཉེན་ཁར་གདོང་གཏོད་པ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས། རང་ཉིད་ནས་མགོ་ཁྲིད་དེ་རྩ་ཁྲིམས་ལ་གུས་བཀུར་དང་རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་བརྩི་སྲུང་། རྩ་ཁྲིམས་བཀོལ་སྤྱོད་བྱས་ནས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་གནང་བའི་འགན་འཁྲི་ཏན་ཏིག་གིས་བསྒྲུབས་ནས། འབད་བརྩོན་ལྷོད་མེད་དང་དཔའ་ངར་མདུན་སྐྱོད་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་འབད་འབུངས་བྱེད་དགོས་ཞེས་བསྟན།

ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་དང་དབྱང་ཀྲི་ཝུན། ལིའུ་ཁྲའོ། ལི་ཧུང་ཡ། ཧོ་ལུའུ་ཁྲུན། ཝང་ཧའེ་ཧུང་བཅས་ཀྱིས་དམ་བཅའ་འཇོག་པར་བདེན་དཔང་བྱས།  །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།