ཀྲུང་གོ་བོད་ཀྱི་དྲ་བ།

《མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་གནོད་འཚེ་སྔོན་འགོག་གི་གཙོ་གནད་སྡེ་ཁག་གི་བདེ་འཇགས་དོ་དམ་བྱ་ཐབས》དངོས་སུ་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོ།   སྤེལ་དུས། : 2023-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས30ཉིན་གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི《མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་གནོད་འཚེ་སྔོན་འགོག་གཙོ་གནད་སྡེ་ཁག་གི་བདེ་འཇགས་དོ་དམ་བྱ་ཐབས》ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་འགྲེམ་སྤེལ་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་གནོད་འཚེ་སྔོན་འགོག་གཙོ་གནད་སྡེ་ཁག་གི་བདེ་འཇགས་དོ་དམ་བྱ་ཐབས》དེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས21པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 2024ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།  《བྱ་ཐབས》འགྲེམ་སྤེལ་བྱས་པ་དེས་རྗེས་ཕྱོགས་གཙོ་གནད་སྡེ་ཁག་གནམ་གཤིས་གནོད་འཚེ་སྔོན་འགོག་གི་གཙོ་གནད་སྡེ་ཁག་གཏན་འཁེལ་དང་། ཁྲིད་སྟོན། ལྟ་སྐུལ་བཅས་བྱས་ནས་ཁྲིམས་ཀྱི་གཏན་འཁེལ་བྱས་པའི་འགན་འཁྲི་བསྒྲུབ་རྒྱུ་དང་།  རང་ཞིང་གི་གནམ་གཤིས་གནོད་འཚེ་འགོག་ནུས་ཆེ་རུ་གཏོང་བ་སོགས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།   

《བྱ་ཐབས》ནང་གནམ་གཤིས་གནོད་འཚེ་སྔོན་འགོག་གི་གཙོ་གནད་སྡེ་ཁག་གི་དོ་དམ་ལམ་ལུགས་དང་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་། གནམ་གཤིས་གནོད་འཚེ་སྔོན་འགོག་གི་གཙོ་གནད་སྡེ་ཁག་གི་དྲིལ་བསྒྲགས་ཉེན་བརྡའི་སློབ་གསོར་ཤུགས་སྣོན་པ། གནམ་གཤིས་གནོད་འཚེ་སྔོན་འགོག་གི་གཙོ་གནད་སྡེ་ཁག་ལ་གསོ་སྦྱོང་དང་། མཛུབ་ཁྲིད། ཞབས་ཞུ་བཅས་བྱ་ཤུགས་ཆེ་རུ་གཏོང་བ། གཙོ་གནད་སྡེ་ཁག་གི་གནམ་གཤིས་གནོད་འཚེ་འགོག་སྲུང་གི་བྱེད་པོའི་འགན་འཁྲི་ཆེ་རུ་གཏོང་བ། གཙོ་གནད་སྡེ་ཁག་གི་གནམ་གཤིས་གནོད་འཚེའི་ཉེན་ཁའི་དོགས་ཟོན་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་གནམ་གཤིས་གནོད་འཚེ་སྔོན་འགོག་གི་ཕྱོགས་བསྡུས་འགོག་སྲུང་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་དགོས་པ་དང་།  གནམ་གཤིས་ཀྱི་གནོད་འཚེ་འགོག་ཟོན་བྱེད་སའི་གཙོ་གནད་སྡེ་ཁག་གི་གནམ་གཤིས་བདེ་འཇགས་དོ་དམ་གྱི་ལས་ཀའི་རྩ་འཛུགས་མགོ་ཁྲིད་དང་གྲོན་དངུལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐུན་སྦྱོར་ལམ་ལུགས་དང་མཉམ་འབྲེལ་གྱི་ཞིབ་བཤེར་མཇུག་འབྲས་བརྡ་ཁྱབ་གཏོང་བའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། དམིགས་ཡུལ་ཡོད་པའི་སྒོ་ནས་གཙོ་གནད་སྡེ་ཁག་ལ་རང་གཤིས་ཅན་དང་གཏན་ཁེལ་གྱི་རང་བཞིན་གྱི་ཞབས་འདེགས་འདོན་སྤྲོད་བྱ་རྒྱུ་རེད།

《བྱ་ཐབས》ལ་བསྡོམས་པས་དོན་ཚན20ཡོད་ཅིང་།  ཁྲིམས་འཛུགས་ཀྱི་གཞི་འཛིན་ས་གཙོ་བོ་དང་གནོད་འཚེ་བྱུང་བའི་ཞིབ་ཕྲའི་རིགས་ཁ་གསལ་བཟོས་ཡོད་པའི་དུས་མཚུངས་སུ།  རང་ཞིང་གི་ས་ཁོངས་ཁྱད་ཆོས་དང་གནམ་གཤིས་གནོད་འཚེའི་དོན་དངོས། རང་བྱུང་གནོད་འཚེའི་ཉེན་ཁ་ཡོངས་བཤེར་ཐེངས་དང་པོའི་གྲུབ་འབྲས་སོགས་དང་ཟུང་འབྲེལ་བྱས་ཏེ།  གཙོ་གནད་སྡེ་ཁག་གིས་ཕྱོགས་བསྡུས་བསམ་གཞིག་བྱེད་པའི་རྒྱུ་རྐྱེན་དང་།  ཁྱབ་ཁོངས།  དེ་བཞིན་གཏན་འཁེལ་གྱི་གོ་རིམ་སོགས་གཏན་འཁེལ་བྱས་པ་མ་ཟད།  གཙོ་གནད་སྡེ་ཁག་གི་མིང་ཐོར་འགུལ་རྣམ་དོ་དམ་ཡང་བྱས་ཡོད་པ་རེད།   །    

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།