ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གཞོན་ནུས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སངས་རྒྱས་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2023-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས30ཉིན་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི“འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་བྱས་རྗེས་འཇོག་པ་དང་དུས་རབས་གསར་པར་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཧུར་ཐག་གིས་གཏོད”ཞེས་པའི་གཞོན་ནུ་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་བྱེད་སྒོ་ཟི་ལིང་དུ་སྤེལ་བ་རེད། 

ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་འབུམ་རམས་པ་མ་ཧོང་པོ་ཡིས་ཁ་བྱང་ལ《མཚོ་སྔོན་གྱི་སྔར་ལས་གལ་ཆེ་བའི་སྐྱེ་ཁམས་གོ་གནས་དང་བྱེད་ནུས་ལ་ཕྱོགས་ཡོངས་ནས་ངོས་འཛིན་བྱ་དགོས》ཞེས་པའི་གཏམ་བཤད་གཙོ་བོ་གནང་བ་རེད། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ནས་ཡོང་བའི་གཞོན་ནུ་འཐུས་མི་ཚོས་གཏམ་བཤད་གཙོ་བོའི་ནང་དོན་ཕུན་སུམ་ཚོགས་ལ་མཐོང་རྒྱ་ཡངས་པ་དང་། གསོན་ཉམས་དོད་ལ་མི་སེམས་སྒུལ་བ་ཞིག་ཡིན་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སླར་ཡང་སློབ་སྦྱོང་དང་ཡར་རྒྱས་ཡོང་ཐེངས་ཤིག་ཡིན་ཞེས་བཤད།

བྱེད་སྒོའི་ཁྲོད་ཚོགས་ཞུགས་གཞོན་ནུ་ཐུན་མོང་གིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུས“མཚོ་སྔོན་གྱི་སྐྱེ་ཁམས་པར་ལེན་འགྲེམས་སྟོན”ལ་ལྟ་སྐོར་བྱས་ནས། འགྲེམས་སྟོན་ནང་ཞུགས་པའི་བརྩམས་ཆོས་ཁྲོད་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་དང་དེ་བཞིན་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ལ་ལྟ་སྐོར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་སྔར་བས་ཆེ་རུ་བཏང་ནས། དུས་རབས་གསར་པའི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལེའུ་གསར་པའི་ཐོག་གཡུར་དུ་ཟ་བའི་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཐོབ་ཡོད།  །

 
རྩོམ་སྒྲིག་པ། : སངས་རྒྱས་སྐྱབས།