ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེན་ཀང་གིས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་ལས་དོན་ལ་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས28ཉིན་དང་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་ལས་དོན་ལ་རྟོག་ཞིབ་མཛད་སྐབས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། རྒྱལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་ལས་དོན་ཚོགས་འདུའི་དགོངས་པ་དངོས་འབེབས་ནན་ཏན་བྱེད་པ། དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་གསར་པ་རང་རྟོགས་སྒོས་ཕྲག་ཏུ་བླངས་ནས། ཁག་ཁུར་གསར་པ་དང་བྱས་པ་གསར་པར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་ལས་དོན་ལེགས་པར་བསྒྲུབ་དགོས་ཞེས་ནན་གྱིས་གསུངས།

ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་དུ། ཁྲེན་ཀང་ཞིང་ཆེན་དྲ་རྒྱའི་བདེ་འཇགས་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་དང་དྲ་ལམ་སྒྲོག་སྤེལ་དོ་དམ་ཁྲུའུ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་ཁྲུའུ་བཅས་སུ་ཕེབས་ཤིང་། ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་རྒྱུས་ལོན་ཞིབ་མོ་མཛད་ནས། དྲ་རྒྱའི་ཆ་འཕྲིན་ལས་དོན་ནི་རྒྱལ་ཁབ་ཀྱི་གཏན་བདེ་ཡུན་སྐྱོང་དང་མི་དམངས་བདེ་སྡོད་ལས་སྤྲོ་ལ་འབྲེལ་ཡོད་པས། ཆབ་སྲིད་ཀྱི་ལངས་གནས་ངེས་པ་དོན་གྱིས་མཐོར་འདེགས་པ་དང་འཐབ་རྩོད་སྙིང་སྟོབས་ཆེར་སྐྱེད་པ། ལས་སྒྲུབ་ནུས་པ་མཐོར་འདེགས་པ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ། “ལས་བྱེད་པས་ལས་སྒྲུབ་དགོས་པ་དང་རིགས་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ”བཅས་ཀྱི་ལས་དོན་བླང་བྱ་ལྟར། དྲ་རྒྱའི་བར་སྟོང་བཅོས་སྐྱོང་ལ་ཁྲིམས་ལྟར་ཤུགས་སྣོན་པ། སྒར་ས་གཙོ་བོ་སྲུང་ཐུབ་པ་དང་སྐད་སྒྲ་སྙན་མོ་སྒྲོག་ཐུབ་པ། ཡར་སྐུལ་གྱི་སྟོབས་སྒྲོག་སྤེལ་ཐུབ་པ་བཅས་བྱས་ནས། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་སྔར་ལས་སྐས་རིམ་གསར་པ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས་།

ཞིང་ཆེན་དཔེ་མཛོད་ཁང་དུ། ཁྲེན་ཀང་གིས་རིན་མེད་སྒོས་དབང་པོ་སྐྱོན་ཅན་དང་དཔེ་ཀློག་ལ་གེགས་ཡོད་པའི་དཔེ་ཀློག་པར་ཞབས་ཞུ་འདོན་སྤྲོད་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་གདེང་འཇོག་གང་ལེགས་མཛད་ནས། ཞབས་ཞུའི་ཆུ་ཚད་དང་ནུས་པ་མུ་མཐུད་དུ་མཐོར་འདེགས་པ་དང་། རྣམ་པ་སྣ་ཚོགས་ཀྱི་དཔེ་ཀློག་ཁྱབ་གདལ་བྱེད་སྒོ་སྤེལ་ནས། སྤྱི་ཚོགས་ཡོངས་སུ་སྔར་ལས་སྟུག་པོའི་དཔེ་ཀློག་མཁའ་དབུགས་བསྐྲུན་དགོས་ཞེས་གསུངས། ཞིང་ཆེན་སྒྱུ་རྩལ་འཁྲབ་སྟོན་ཚོགས་སྡེ་ཚད་ཡོད་འགན་འཁྲི་ཀུང་སི་རུ། ཁྲེན་ཀང་གིས་འཁྲབ་སྦྱོང་བྱེད་བཞིན་པའི་འཁྲབ་སྟོན་པ་རྣམས་དང་སྙིང་ཉེ་བའི་གླེང་མོལ་མཛད་ཅིང་། ཁོ་ཚོས་ཕུལ་བྱུང་རྩོམ་རིག་སྒྱུར་བརྩམས་ཆོས་ཀྱི་མི་སེམས་ལ་སྐུལ་མ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་སྡུད་པའི་ནུས་པ་ཕུན་སུམ་ཚོགས་པར་འདོན་པ་དང་། བདེན་སྲུང་གསར་གཏོད་སྒོས་བརྩམས་ཆོས་སྤུས་ལེགས་སྔར་ལས་མང་པོ་གསར་རྩོམ་བྱས་ཏེ། མང་ཚོགས་ལྟ་དགའ་ཉན་སྤྲོའི་རྣམ་པར་བརྟེན་ནས་དུས་རབས་གསར་པའི་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་འཆད་པར་སྐུལ་མ་གནང་།

ཁྲེན་ཀང་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་གླིང་དང་གྲོ་ཚང་རྡོ་རྗེ་འཆང་། མཚོ་སྔོན་ལིའུ་ཝན་ཚོན་ལྡན་རྫ་ཆས་རྟེན་མཛོད་ཁང་། རྨ་ཙོང་རིག་གནས་རྟེན་མཛོད་ཁང་བཅས་སུ་ཕེབས་ནས། གནད་དཔྱད་ལས་དོན་པར་གཟིགས་སྐྱོང་གནང་བ་དང་། ལོ་རྒྱུས་རིག་དངོས་འགྲེམ་སྟོན་ལ་གཟིགས་པ། རིག་དངོས་སྲུང་སྐྱོང་དང་གནའ་དཔྱད་ཞིབ་འཇུག གནའ་བོའི་བཟོ་སྐྲུན་ཞིག་གསོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པ། ཐུགས་ཁུར་ཟབ་བཞེས་སྒོས་གནས་པའི་དཀའ་ཁག་དང་ལས་དོན་གྲོས་གཞི་འདྲི་རྟོགས་མཛད། ཁོང་གིས་མཚོ་སྔོན་གྱི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང། རིག་གནས་གཞི་རྐང་གཏིང་ཟབ་ཅིང་རྔམ་མཐུག་པས། རིག་དངོས་སྔོག་འདོན་དང་སྲུང་སྐྱོང། དོ་དམ་བཅས་ཀྱི་ཆུ་ཚད་སྔར་ལ་ལྷག་པར་མཐོར་འདེགས་པ་དང་། རིག་དངོས་སྲུང་སྐྱོང་དོ་དམ་སྒྲིག་གཞི་ཚན་རིག་དང་མཐུན་པར་འཛུགས་པ། རིག་དངོས་ཐོན་ཁུངས་ཀྱི་ལོ་རྒྱུས་བདེན་དངོས་རང་བཞིན་དང་རྣམ་པ་ཆ་ཚང་རང་བཞིན། རིག་གནས་རྒྱུན་སྲིང་རང་བཞིན་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ། ལོ་རྒྱས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བ་ངེས་པ་དོན་གྱིས་སྒྲུབ་ཐུབ་པར་བྱེད་དགོས། འབྲེལ་ཡོད་ལས་དོན་མི་སྣའི་ཡར་བརྩོན་རང་བཞིན་ཡོངས་སུ་སློང་བ་དང་། ཚན་ཞིབ་ལས་ཁུངས་དང་མཐོ་སློབ་སོགས་དང་མཉམ་ལས་ཟབ་མོ་སྤེལ་བ། ལོ་རྒྱུས་རིག་གནས་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་ཧྭ་ཤེས་རིག་གི་འབྱུང་ཁུངས་འཚོལ་ཞིབ་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བར་མཚོ་སྔོན་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་། རིག་གནས་བྱ་གཞག་དར་རྒྱས་གཏོང་བ། རིག་གནས་ཡུལ་སྐོར་འདྲེས་སྦྱོར་འཕེལ་རྒྱས་ལ་མྱུར་ཏུ་སྐུལ་འདེད་གཏོང་བ། རིག་གནས་དགེ་མཚན་དེ་འཕེལ་རྒྱས་དགེ་མཚན་དུ་མུ་མཐུད་དུ་བསྒྱུར་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པ་ཆེན་པོས་རྩོམ་པར་སྟོབས་དང་ལྡན་པའི་བསམ་བློའི་ཁག་ཐེག་དང་སྟོབས་ཆེན་པོའི་བསམ་པའི་སྟོབས་ཤུགས། ཕན་ཁེ་ཡོད་པའི་རིག་གནས་ཆ་རྐྱེན་བཅས་འདོན་སྤྲོད་བྱེད་དགོས་ཞེས་གསུངས།

ཞིང་ཆེན་མགོ་ཁྲིད་ཝང་ཏ་ནན་དང་ཝུ་ལ་ཙེ་པའེ་ཁི་རེ་སའོ་ལི་ཧན། ཀྲུའུ་ཞང་ཧྥེང་། ཧུའུ་ལིས་ཁྲུང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས། །

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།